ཁུལ་སྲིད་གྲོས་ཀྱིས་གཙོ་གནད་གྲོས་གཞི་སྒྲུབ་གཉེར་བྱེད་པའི་གྲོས་ཚོགས་འཚོགས།

དབྱངས་ཅན་གྱིས་བསྒྱུར།        2019-08-14

    སྤྱི་ཟླ8པའི་ཚེས8ཉིན།ཁུལ་སྲིད་གྲོས་ཨུ་ཡོན་གྱིས་གཙོ་གནད་གྲོས་གཞི་སྒྲུབ་གཉེར་བྱེད་པའི་གྲོས་ཚོགས་དེ་དར་མདོར་འཚོགས་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུང་ཅན་ཀྲུང་གྲོས་ཚོགས་སུ་ཞུགས་ཡོད་པ་རེད། ཐེངས་འདིའི་གྲོས་ཚོགས་ནང་ཞུགས་པའི་ཚེ་དབང་སོགས་ཀྱིས་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་གྲོས་གཞིའི་འཐུས་ཚབ་ཀྱིས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་གྲོས་གཞི་སྒྲུབ་གཉེར་བྱེད་མཁན་སྡེ་ཁག་དང་རེ་རེ་བཞིན་དུ་བསམ་ཚུལ་བརྗེ་རེས་བྱས་ཏེ་གྲོས་གཞི་སྒྲུབ་གཉེར་དང་དོན་འཁྱོལ་བྱས་པ་རེད།

    གྲོས་ཚོགས་ཐོག་སྲིད་གྲོས་ཨུ་ཡོན་འཐུས་ཚབ་ཀྱིས་ཁག་བགོས་ནས《སྔར་ལས་ལྷག་པར་བོད་ཀྱི་སྨན་རྫས་འཕེལ་རྒྱས་ཤུགས་ཆེན་གཏང་རྒྱུའི་སྐོར་གྱི་གྲོས་གཞི》དང་།《སྔར་ལས་ལྷག་པར་མི་རིགས་ས་ཁུལ་གྱི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་ཆས་ཉེན་མེད་ཡོང་བའི་ལས་ཀར་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་ཐོགས་འགག་མེད་པའི་སྒོས་གཏོང་ཐུབ་པར་ཁག་ཐེག་བྱ་རྒྱུའི་སྐོར་གྱི་གྲོས་གཞི》།《ཁེར་གཉེར་དང་སྒེར་གཉེར་ཐུན་ཚོགས་ཀྱི་ལས་ཀར་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་གྲོས་གཞི》།《དམའ་རིམ་སློབ་གྲྭ་འབྲིང་ཆུང་དང་བྱིས་པ་ཁང་གི་དགེ་རྒན་དང་ལས་བཟོའི་སྒྲིག་ཁོངས་མི་གྲངས་ཁ་སྣོན་བྱ་རྒྱུའི་སྐོར་གྱི་གྲོས་གཞི》།《སྔར་ལས་ལྷག་པར་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཚད་ལྡན་ཅན་དུ་བེད་སྤྱོད་ཤུགས་ཆེན་གཏོང་བའི་སྐོར་གྱིས་གྲོས་གཞི》སོགས་ཀྱི་འབྱུང་རྐྱེན་དང་གྲོས་གཞི་ངོ་སྤྲོད་བྱས་པ་རེད། འབྲེལ་ཡོད་སྒྲུབ་གཉེར་སྡེ་ཁག་གིས་ཨུ་ཡོན་ལ་གྲོས་གཞི་སྒྲུབ་གཉེར་དང་དོན་འཁྱོལ་བྱས་ཚུལ་སྙན་གསེང་ཞུས་ནས། སྐུ་དངོས་སུ་གྲོས་གཞིའི་ཐོག་བཏོན་པའི་གནད་དོན་ལ་ལེན་བརྒྱབ་པ་རེད། སྲིད་གྲོས་ཨུ་ཡོན་གྱིས་ད་དུང་གྲོས་གཞི་སྒྲུབ་གཉེར་བྱེད་མཁན་སྡེ་ཁག་དང་གྲོས་གཞི་སྒྲུབ་གཉེར་དང་དོན་འཁྱོལ་བྱས་ཚུལ་སྐོར་འདྲ་མཉམ་སྒོས་བསམ་ཚུལ་བརྗེ་ལེན་བྱས་པ་རེད།

    སྤྱི་ཟླ8པའི་ཚེས7ནས8ཉིན་གྱི་བར།ཁུལ་སྲིད་གྲོས་ཀྱིས《སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏང་རྒྱུའི་སྐོར་གྱི་གྲོས་གཞི》དང་《དུས་ཐོག་ཏུ་ཁྱིམ་ཚང་ཅན་གྱི་མགྲོན་ཁང་དོ་དམ་བྱེད་ཐབས་སྐོར་གྱི་གྲོས་གཞི》།《ཞིང་འབྲོག་མི་དམངས་ཀྱི་སྡོད་ཁང་བདག་དབང་ལག་ཁྱེར་སྒྲུབ་གཉེར་བྱ་རྒྱུ་སྐུལ་འདེད་མགྱོགས་སུ་གཏང་རྒྱུའི་སྐོར་གྱི་གྲོས་གཞིའི》ཐད་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་ལ་ཕྱིན་ནས་ཆེད་དུ་ཡུལ་དངོས་སུ་གྲོས་མོལ་དང་ལྟ་སྐུལ་སྒྲུབ་གཉེར་བྱས་པ་རེད།

    ད་ལོར། ཁུལ་སྲིག་གཞུང་ལ་ཁུལ་སྲིད་གྲོས་ཀྱིས་སྤྲད་པའི་གྲོས་གཞི172ཡོད་ཅིང་། མིག་སྔར་གྲོས་གཞི152སྒྲུབ་གཉེར་དང་དྲིས་ལེན་བརྒྱབ་ཟིན་པས་སྒྲུབ་གཉེར་དང་དྲིས་ལེན་བརྒྱབ་ཚད་བརྒྱ་ཆ88.4ལ་བསླེབས་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:སྡེ་དགེ་རྫོང་འགུ་གཟི་ཡུལ་ཤོག་གིས་དབུལ་ཐར་འགག་སྒྲོལ་གནད་སྨིན་གྱི་ཐབས་ཇུས་ལག་བསྟར་བྱས།
  • ལེ་ཚན་རྗེས་མ།:སྐལ་བཟང་གིས་གསེར་ཐར་རྫོང་དུ་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་བརྟག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།