སྡེ་དགེ་རྫོང་འགུ་གཟི་ཡུལ་ཤོག་གིས་དབུལ་ཐར་འགག་སྒྲོལ་གནད་སྨིན་གྱི་ཐབས་ཇུས་ལག་བསྟར་བྱས།

ཀུན་དགས་བསྒྱུར།        2019-08-14

   སྤྱི་ཟླ8པའི་ཚེས2ཉིན། གསར་འགོད་པས་སྡེ་དགེ་རྫོང་འགུ་གཟི་ཡུལ་ཤོག་སྲིད་གཞུང་ནས་ཤེས་རྟོགས་བྱུང་དོན། འགུ་གཟི་ཡུལ་ཤོག་གི་ས་ཁད་མཐོ་བ་དང་ཁྱིམ་ཚང་སྡོད་གནས་ཐར་ཐོར། འགྲིམ་འགྲུལ་ཐག་རིང་བཅས་ཡིན་པས་སྡེ་དགེ་རྫོང་གི་ཆེས་ཐག་རིང་དང་ཆེས་དཀའ་ཚེགས་ཆེ་བའི་ཡུལ་ཤོག་གི་ཡ་གྱལ་ཞིག་ཡིན་པ་རེད། སྔ་སྣུར་ཙམ་དཀའ་ངལ་ལས་ཐར་ཆེད་འགུ་གཟི་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་ཉམ་ཐག་པའི་བྱ་སྔོན་ལ་འཕུར་ཞེས་པའི་གནས་ལུགས་ཀྱི་འདུ་ཤེས་བཅངས་ནས་གནད་སྨིན་ཐབས་ཇུས་བཏོན་ཏེ་དབུལ་སྐྱོར་ལས་དོན་དམ་འཛིན་ནན་པོ་བྱས་པ་དང་ས་གནས་དེ་གའི་གྲོང་མི་སྣེ་ཁྲིད་དེ་དོན་དངོས་དང་མཐུན་པའི་དབུལ་ཐར་གྱི་ལམ་དུ་བསྐྱོད་པ་རེད།

    ཡུལ་ཤོག་དེས་དང་ཐོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏང་རྒྱུར་དམིགས་ནས་ནུས་ཤུགས་ཡོད་རྒུས་དམངས་འཚོའི་དོན་དངོས་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་དུ་ཡུལ་ཤོག་ཡོངས་སུ་གྲོང་སྡེ་རིམ་པའི་ཏང་དང་མང་ཚོགས་ཀྱི་བྱེད་སྒོ་སྤེལ་ཁང5གསར་སྐྲུན་དང1སྒྱུར་བཀོད་བྱས་པས་མ་ཚད་གྲོང་སྡེ་རིམ་པའི་འགྲོ་ལམ་སྤྱི་ལེ47.34བསྐྲུན་ཡོད། ཡུལ་གཞན་དུ་དུད་ཚང92དབུལ་སྐྱོར་གནས་སྤོ་དང་དུད་ཚང15ཉེན་གཡོལ་གནས་སྤོ། ཉེན་ཁང190བསྒྱུར་བཀོད། དུད་ཚང422ལ་རྣམ་པ་བསྒྱུར་བཀོད་བཅས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་སྡོད་ཁང་དང་སློབ་གསོ། སྨན་བཅོས་སོགས་ཀྱི་རྨང་གཞིའི་འགན་ལེན་ཐག་གཅོད་ནུས་ལྡན་བྱས་པ་རེད།

    བློ་རིག་གཉིས་སྐྱོར་གྱི་བསམ་བློ་ཁོང་དུ་ཆུད་པ་དང་ནུས་ཤུགས་ཡོད་རྒུས་དུད་ཚང་དབུལ་ཕོངས་དབུལ་ཐར་བྱེད་པའི་ནང་གནས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་རོགས་བྱ་ཆེད། ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་གྲོང་སྡེའི་གཞི་རིམ་ཏང་རྩ་འཛུགས་སྲ་བརྟན་དུ་གཏང་རྒྱུ་དེ་དབུལ་ཐར་འགག་སྒྲོལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ལྟེ་བའི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་ནས་ཏང་ཡོན་ལས་བྱེད་པ་དེ་བས་མང་བ་ཞིག་གིས་ནུས་ཤུགས་ཡོད་རྒུས་མང་ཚོགས་དབུལ་པོར་དབུལ་ཐར་གྱི་ཆ་རྐྱེན་བཟང་པོ་དང་རྨང་གཞི་བརྟན་པོ་ཞིག་བཏོད་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཟམ་མི་ཆད་པར་དབུལ་ཐར་འགག་སྒྲོལ་གྱི་ལེའུ་གསར་པ་ཞིག་རྩོམ་རྒྱུར་ཁྲིད་སྟོན་བྱས་པ་རེད།

     གཞན་ཡང་འགུ་གཟི་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་ཧུར་ཐག་ངང་གླེང་ཕྱོགས་ཀྱི་རྣམ་པ་གཏོད་དེ་བསམ་བློའི་སློབ་གསོར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཡོད། དུད་ཚང་དབུལ་ཕོངས་ཀྱི་ཚོགས་ཆེན་དང་ཞིང་པའི་མཚན་མོའི་སློབ་གྲྭ། གཉེན་འཚོལ་མཉམ་སྐྲུན་སོགས་ཀྱི་ལས་སྟེགས་བརྒྱུད་དེ་རོལ་རྩེད་ཀྱི་རྣམ་པ་སྤྱད་དེ་དཀའ་སྤྱད་ལས་བསྐྲུན་དང་དབུལ་ཐར་བྱུང་བར་སྔོན་བརྩོན། དྲིན་གཟོ་བཅངས་ནས་མདུན་སྐྱོད་སོགས་ཀྱིས་བརྗོད་དོན་གཙོ་བོར་བྱས་པའི་སློབ་གསོའི་བྱེད་སྒོ་ཡོངས་ཁྱབ་ཏུ་སྤེལ་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་ཁྱབ་གདལ། འཕྲོད་བསྟེན་དང་བདེ་ཐང་གི་ཤེས་བྱ་སྒྲོག་འགྲེལ། གསོ་ཚགས་ཀྱི་ལག་རྩལ་སློབ་ཁྲིད་བཅས་བྱས་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ཕྱིན་ཆད་འགུ་གཟི་ཡུལ་ཤོག་གིས་གནད་དོན་གྱི་ཞན་ཆ་སེལ་གང་ཐུབ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་འགན་ལེན་བྱ་རྒྱུ་དང་། གཙོ་གནད་དང་དཀའ་གནད་བསལ་ནས་མཐའ་འཁོབ་ཏུ་ཡོད་པའི་མང་ཚོགས་དབུལ་ཕོངས་ཀྱི་སྡོད་ཁང་ཉེན་མེད་དང་ཐོན་ལས་འཕེལ་རྒྱས་ཡོང་བ་སོགས་ཀྱི་མངོན་གསལ་དོད་པོའི་དཀའ་གནད་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་རྒྱུ་དང་དབུལ་ཐར་གནད་སྨིན་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་ཞིང་། དེ་དང་ཆབས་ཅིག1371གི་དབུལ་སྐྱོར་ཐོན་ལས་བཀོད་སྒྲིག་བྱས་ནས་གྲོང་སྡེའི་མཉམ་སྡེབ་དཔལ་འབྱོར་ལས་གཞི་བསྒྲུབས་ཏེ་གནག་ཕྱུགས་གསོ་ཚགས་དང་ལས་སྣོན་བྲིན་ཚོང་། ཆུ་ཚན་རི་གྲོང་གཉེར་སྐྱོང་སོགས་གྲོང་སྡེའི་མཉམ་སྡེབ་དཔལ་འབྱོར་གྱི་ལས་གཞིར་དམ་འཛིན་ཡག་པོ་བྱ་རྒྱུ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་ཚོ་གསུམ་ཡུལ་ཤོག་གི་བུད་མེད་ཚོས་འཐག་ལས་གཉེར་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།
  • ལེ་ཚན་རྗེས་མ།:ཁུལ་སྲིད་གྲོས་ཀྱིས་གཙོ་གནད་གྲོས་གཞི་སྒྲུབ་གཉེར་བྱེད་པའི་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།