ལིའུ་ཁྲེང་མིང་གིས་དར་མདོ་གྲོང་ཁྱེར་དུ་ས་གཤིས་གནོད་འཚེ་འགོག་བཅོས་ལས་ཀར་ལྟ་སྐུལ་ཁྲིད་སྟོན་གནང་བ་དང་ཆུ་དཔོན་ལམ་ལུགས་ཀྱི་ཆུར་སྐོར་ཞིབ་བྱེད་པའི་ལས་ཀ་སྤེལ།

བདེ་སྐྱིད་ཀྱིས་བསྒྱུར།        2019-05-27

  

ལིའུ་ཁྲེང་མིང་གིས་དར་མདོ་གྲོང་ཁྱེར་དུ་ས་གཤིས་གནོད་འཚེ་འགོག་བཅོས་ལས་ཀར་ལྟ་སྐུལ་ཁྲིད་སྟོན་གནང་བ་དང་ཆུ་དཔོན་ལམ་ལུགས་ཀྱི་ཆུར་སྐོར་ཞིབ་བྱེད་པའི་ལས་ཀ་སྤེལ།

  སྤྱི་ཟླ5པའི་ཚེས19ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི། ཁུལ་སྤྱི་ཁྱབ་ཆུ་དཔོན་དང་པོ། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཆུ་དཔོན་ལིའུ་ཁྲེང་མིང་དར་མདོ་གྲོང་ཁྱེར་དུ་ཕེབས་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་ས་གཤིས་གནོད་འཚེ་འགོག་བཅོས་ལས་ཀར་ལྟ་སྐུལ་ཁྲིད་སྟོན་གནང་བར་མ་ཟད། ཆུ་དཔོན་ལམ་ལུགས་ཀྱི་ཆུར་སྐོར་ཞིབ་བྱེད་པའི་ལས་ཀ་སྤེལ་བ་རེད།

   ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཆུ་འབྲུབ་ཉེར་ཡོད་པས་རིམ་པ་ཁག་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ས་གཤིས་གནོད་འཚེ་འགོག་བཅོས་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལ་བརྟེན་ནས་ས་གཤིས་གནོད་འཚེ་འགོག་བཅོས་ལས་ཀ་ཡག་པོ་བསྒྲུབ་དགོས་པ་དང་། ཆུ་འབྲུབ་འགོག་གི་གཙོ་གནད་ཁུལ་བཅོས་སྒྲིག་ཡག་པོ་བྱ་དགོས། གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་ལས་ཀ་དམ་འཛིན་ཡག་པོ་བྱེད་པ་དང་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ཁུལ་གྱི་འགན་འཁུར་མི་སྣའི་འགན་འཁྲི་དོན་འཁྱོལ་བྱས་ནས་སྐོར་གཡེང་དང་སྐོར་ཞིབ་ལས་ཀར་ཤུགས་བརྒྱག་དགོས། མི་ཡིས་སྔོན་འགོག་དང་ལག་རྩལ་སྔོན་འགོག་ཟུང་འབྲེལ་བྱས་པའི་བྱ་ཐབས་སྤྱད་ནས་གནམ་གཤིས་དང་ཆུ་ལོག་ཞོད་སྐྱོན། ས་གཤིས་གནོད་འཚེ་སོགས་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་བརྒྱབ་སྟེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་ཀ་དམ་འཛིན་ཡག་པོ་བྱ་དགོས། ལས་ཀའི་འགན་འཁྲིར་ནན་ཏན་བྱ་དགོས་པ་དང་གཅིག་གྱུར་བཀོད་གཏོང་ལ་ཤུགས་བརྒྱག་དགོས། ལས་རེས་ནན་པོ་བྱས་ནས་ཆ་འཕྲིན་ཤར་གཏོང་འགན་ལེན་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་དགོས།

   དབལ་གསས་ཤང་ནས་རོང་བྲག་རྫོང་བར་རི་ཉིལ་བའི་ལམ་དུ་ལས་གྲྭ་བྱ་ཡུལ་མྱུར་བཟོ་བྱས་པའི་ཡུལ་དངོས་སུ་ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་ཡིས་ལས་གྲྭའི་འཕེལ་རིམ་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས་དབལ་གསས་ཤང་ནས་རོང་བྲག་རྫོང་བར་གཞུང་ལམ་ནི་རོང་བྲག་རྫོང་དུ་བསྐྱོད་པའི་འགྲིམ་འགྲུལ་འགག་གནད་ཆེ་ས་ཡིན་པས། ལས་གྲྭ་བདེ་འཇགས་དང་ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཐབས་བརྒྱ་ཇུས་སྟོང་ངང་ལས་གྲྭའི་འཕེལ་རིམ་མགྱོགས་སུ་བཏང་ནས་རླངས་འཁོར་ཤར་གཏོང་ཐུབ་པ་བརྩོན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:བོད་ཀྱི་བུ་མོ་ཨ་ཟླ་དང་ལོ་དགུ་ཐོག་གསུམ་སྣོན་གྱི་ལས་རིགས་སློབ་གསོའི་ལས་འབྲེལ།
  • ལེ་ཚན་རྗེས་མ།:གསར་བརྗེའི་གནའ་གྲོང་ལ་ངོས་ལ་བསྐྱོད་པའི་མཐོང་ཐོས།
  • དོ་སྣང་ཆེ་བའི་རྩོམ།