རང་ཁུལ་གྱིས་དཔྱིད་རྨོས་ལ་སྐུལ་འདེད་བརྟན་པོ་བཏང་བ།

        2019-04-17

སྤྱི་ཟླ་གསུམ་པ་ནས་བཟུང་། རང་ཁུལ་གྱིས་ཐོན་ལས་བཀོད་སྒྲིག་དང་དཔེ་སྟོན་གྱིས་གསར་གཏོད་ལ་སྣེ་ཁྲིད་བྱས་པ་དང་། ཞིང་ལས་ལག་རྩལ་ཞབས་ཕྱི། ཞིང་ལས་རྒྱུ་ཆ་གསོག་འཇོག་བཅས་ལ་དམ་འཛིན་བྱས་ནས་དཔྱིད་རྨོ་གྲ་སྒྲིག་ལས་ཀར་་སྐུལ་འདེད་བརྟན་པོ་བཏང་དང་གཏོང་བཞིན་ཡོད་པ་རེད།

“སྐོར་གཅིག་དང་རྒྱུད་གཅིག ལམ་གཅིག”གི་ཐོན་ལས་ཇུས་འགོད་ལ་དམིགས་ནས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་ལས་རྟེན་གཞི་མུའུ་ཁྲི93བསྐྲུན་པ་དང་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི100ལ་ཟིན་པ། འབྲུ་རིགས་ཐོན་ཚད་ཏུན་ཁྲི་25ལ་ཟིན་རྒྱུ་བཅས་ལ་བརྩོན་ལེན་བྱས་པ་རེད།

ལུག་གྲོད་ཤ་མོང་མུའུ་ཁྲི1.42དང་དབྱར་ཐོག་སྔོ་ཚལ་མུའུ་ཁྲི3.35ལ་སོགས་པའི་འདེབས་འཛུགས་ལས་ཀ་གྲུབ་པ་རེད། རྒྱལ་སྲུང་གཞུང་ལམ317པ་དང318པ་བརྒྱུད་ཡུལ་དང་རྒྱལ་མོ་རྔུལ་ཆུ་དང་འབྲི་ཆུ། ཉག་ཆུ་བཅས་འབབ་རྒྱུད་ཆེན་པོ་གསུམ་གྱིས་གཙོ་གནད་ས་ཁོངས་བྱས་ཏེ། ཁྱད་ཆོས་ཀྱི་ཞིང་ནགས་ཐོན་ལས་རྟེན་གཞི་མུའུ་ཁྲི21.55དང་དེང་རབས་ཞིང་ལས་ཐོན་ལས་ར་བ13ལ་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་བཏང་བ་དང་། ཚན་པ་དང་པོའི་གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་གྲོང་ཚོ169བསྐྲུན་པ། དབུལ་ཐར་ནས་འབྱོར་འབྲིང་ལ་བསྐྱོད་པའི་མུའུ་ཁྲི་བརྒྱའི་ལྗང་མདོག་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་རྒྱུད་བསྐྲུན་རྒྱུར་ཤུགས་རྒྱག་པ་རེད། ཁུལ་རིམ་པའི་ཆེད་རམས་ཚོ་ཆུང18དང་། ཁུལ་རྫོང་རིམ་པ་གཉིས་ཀྱི་གྲོང་ཚོར་བཅའ་སྡོད་ཞིང་ལས་ལག་རྩལ་པ1110དང་། ཞིང་ལས་ལག་རྩལ་སྐོར་སྐྱོད་ཞབས་ཞུའི་ཚོགས་ཆུང95བཅས་སྒྲིག་འཛུགས་བྱས་ནས་ཞིང་ལས་ཚན་རྩལ་གསོ་སྦྱོང་ཆེ་མོ་དང་། དཔེ་སྟོན་ཆེ་མོ། ཁྱབ་གདལ་ཆེ་མོ་བཅས་གཉེར་བ་རེད།

མིག་སྔའི་བར་ཞིང་ལས་ལག་རྩལ་པ་མིའི་ཐེངས་གྲངས338དང་དུད་ཚང8327ལ་གསོ་སྦྱོང་བྱས་པ་རེད། ནུས་ཤུགས་ཡོད་རྒུས་ལས་ཀ་འགན་ལེན་ཡག་པོ་བྱས་ཏེ། ནས་དང་མ་རྨོས་ལོ་ཏོག་དང་ཞོག་ཁོག་སོགས་འབྲུ་རིགས་སོན་བཟང་ཏུན1076.1དང་། འབྲས་ཤིང་དང་རྒྱ་སྨན་རྒྱུ་སོགས་སྡོང་རྐང་རིགས་ཀྱི་སོན་ཤིང་ཕྲུག་ཁྲི135.75གཏོང་འདྲེན་བྱས་པ་དང་། རྫས་ལུད་སྣ་ཚོགས་ཏུན4223དང་། འགྱིག་ཁེབས་ཏུན138.5། ཞིང་སྨན་ཏུན25བཅས་གཏོང་འདྲེན་བྱས་པ་རེད། གཞན་ཡང་ཞིང་ལས་འཕྲུལ་ཆ་དང་ཡོ་བྱད363གྲ་སྒྲིག་བྱས་ཡོད་པ་རེད།། (སི་ཁྲོན་མི་རིགས་སློབ་གླིང་གི་དངོས་སྦྱོང་སློབ་མ་བསོད་ནམས་སྒྲོལ་དཀར་གྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:2019ལོའི་རྒྱལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་དགའ་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་སྤེལ་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཞིང་ལས་ཐོན་སྐྱེད་དུ་གྲུབ་འབྲས་བཟང་པོ་ཐོབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།