འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་དོན་ཆེན་གསུམ་གཅིག་གྱུར་གྱིས་འཆར་འགོད་དང་དམ་འཛིན་ཡག་པོ་བྱ་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2019-03-18

འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་དོན་ཆེན་གསུམ་གཅིག་གྱུར་གྱིས་འཆར་འགོད་དང་དམ་འཛིན་ཡག་པོ་བྱ་དགོས།

   ཉེ་ཆར། ཁུལ་ཨུ་ཧྲུའུ་ཅི་ལིའུ་ཁྲེང་མིང་རྟའུ་དང་གསེར་ཐར། བྲག་འགོ་བཅས་རྫོང་ཁག་གསུམ་ལ་ཕེབས་ནས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ནས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་དོན་ཆེན་གསུམ་གཅིག་གྱུར་གྱིས་འཆར་འགོད་དང་དམ་འཛིན་ཡག་མོ་བྱ་དགོས། ཐབས་ཇུས་ཆེན་པོ་དྲུག་ལག་བསྟར་གཏིང་ཟབ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་དང་གྲོང་སྡེ་དར་རྒྱས་སོགས་ཀྱི་གཙོ་གནད་ལས་ཀར་སྐུལ་འདེད་གཏང་དགོས། གྲུབ་འབྲས་ལེགས་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་ལེགས་སྐྱེས་སུ་འབུལ་དགོས།

   ལིའུ་ཁྲེང་མིང་སྔ་ཕྱིར་རྟའུ་དང་བྲག་འགོ གསེར་ཐར་བཅས་རྫོང་ཁག་གསུམ་གྱི་གྲོང་སྡེ་དང་སློབ་གྲྭ དགོན་པར་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད། ཁོང་གྲོང་སྡེ་དང་དུད་ཚང་དུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་བསམ་ཚུལ་སྤེལ་རེས་བྱས་ནས་དབུལ་ཐར་འགག་སྒྲོལ་དང་གྲོང་སྡེ་དར་རྒྱས་ལ་སྐུལ་འདེད་བཏང་ཚུལ་སྐོར་ལ་ཆ་རྒྱུས་ཞིབ་པོ་བླངས་པ་དང་། སློབ་གྲྭར་ཕེབས་ནས་ཤོར་འགོག་སློབ་སྐྱོང་ལས་ཀའི་གནས་ཚུལ་སྐོར་ལ་ཆ་རྒྱུས་བླངས་པ། དགོན་པར་ཕེབས་ནས་གྲྭ་བཙུན་གྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་ཆ་རྒྱུས་བླངས་པས་མ་ཚད། ད་དུང་སྔར་ལྷག་གིས་དགོན་པ་ཚད་ལྡན་ཅན་དུ་དོ་དམ་ཡག་མོ་བྱ་རྒྱུའི་བླང་བྱ་བཏོན་པ་རེད། ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱས་རྗེས། ལིའུ་ཁྲེང་མིང་གིས་ཆེད་དོན་དུ་རྟའུ་རྫོང་དང་གསེར་ཐར་རྫོང་གི་ལས་ཀའི་སྙན་སེང་ལ་གསན་འཇོག་གནང་ཞིང་སླད་ཕྱིན་གྱི་ལས་ཀ་ཁག་ཡག་མོ་བསྒྲུབ་རྒྱུའི་སྐོར་བླང་བྱ་བཏོན་པ་རེད།

   ལིའུ་ཁྲེང་མིང་གིས་རྫོང་ཁག་གསུམ་གྱི་ཉེ་བའི་ལོ་འགལ་ནང་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ལས་ཀའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ཞིབ་ཕྲ་ལ་དག་ཐེར་བཅོས་སྐྱོང་བྱ་དགོས་པའི་བླང་བྱ་བཏོན་པ་རེད། ཁོང་གིས་དབུལ་ཐར་འགག་སྒྲོལ་ནི་མིག་སྔའི་དོན་ཆེན་ཨང་དང་པོ་ཡིན་ཞིང་། དབུལ་ཐར་འགག་སྒྲོལ་ལས་ཀ་ཡག་མོ་བསྒྲུབ་རྒྱུ་ནི་རྒྱལ་ཁབ་ཀྱི་ཁ་མགོ་རྣའི་ལ་རྒྱ་དང་འབྲེལ་བ་ཡོད་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བདེ་རྩ་དང་ཡང་འབྲེལ་བ་ཡོད་པས། རིམ་པ་ཁག་དང་སྡེ་ཁག་སོ་སོས་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྦོལ་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱིས་ཁྲིད་སྟོན་བྱ་རྒྱུར་རྒྱུན་འཁྱོངས་བྱས་ནས་ལོ་འཁོར་གྱི་དབུལ་སྐྱོར་དམིགས་འབེན་ལས་འགན་དང་བསྡུར་ནས་ཞན་ཆ་འཚོལ་ཞིང་ལས་ཀ་ཁག་ནན་འཛིན་བྱས་ནས་དུས་བཀག་ནང་བཞིན་དབུལ་ཐར་ཡོང་བར་ཁག་ཐེག་བྱ་དགོས། ཁོང་གིས་གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ནི་དུས་རབས་གསར་པའི་ཞིང་ལས་སྐོར་གྱི་ལས་དོན་གསུམ་གྱི་སྤྱིའི་འཛིན་བྱ་ཡིན་ལ། དབུལ་ཐར་འགག་སྒྲོལ་ལ་གལ་ཆེའི་སྐུལ་འདེད་གཏོང་ཡས་ཀྱང་ཡིན་པས། རིམ་པ་ཁག་དང་སྡེ་ཁག་སོ་སོས་དབུལ་ཐར་འགག་སྒྲོལ་དེ་གྲོང་སྡེ་དར་རྒྱས་གཏང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཐོན་ལས་འཕེལ་རྒྱས་ལ་བརྩོན་ནས་ཡོང་འབབ་ཡོད་པའི་མཛེས་སྡུག་གྲོང་སྡེ་འཛུགས་སྐྱོང་བྱེད་གང་ཐུབ་བྱ་དགོས་པ་དང་གྲོང་སྡེའི་རྣམ་པ་ལེགས་སུ་གཏང་རྒྱུར་བརྩོན་ནས་ཁྱད་ཆོས་ལྡན་པའི་མཛེས་སྡུག་གྲོང་ཡུལ་འཛུགས་སྐྱོང་གང་ཐུབ་བྱ་དགོས་ཞིང་། གྲོང་སྲོལ་ཡ་རབས་ཚུལ་ལྡན་སྐོར་ལ་བརྩོན་ནས་སྲོལ་རྒྱུན་བཟང་པོའི་མཛེས་སྡུག་གྲོང་སྡེ་འཛུགས་སྐྱོང་བྱེད་གང་ཐུབ་བྱ་དགོས། གྲོང་སྡེ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱ་རྒྱུར་བརྩོན་ནས་སྒྲིག་ལམ་ཡོད་པའི་མཛེས་སྡུག་གྲོང་སྡེ་འཛུགས་སྐྱོང་བྱེད་གང་ཐུབ་བྱ་དགོས།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། སློབ་གསོ་ནི་གལ་ཆེའི་དམངས་འཚོ་ལས་གཞིའི་ཡ་གྱལ་ཡིན་ལ། དབུལ་ཐར་འགག་སྒྲོལ་གྱི་གཞི་རྩའི་འགན་སྲུང་ཡང་ཡིན་ཞིང་། མི་རབས་ནས་མི་རབས་བར་དབུལ་ཕོངས་གྱུར་བར་འགོག་ཐུབ་པའི་གཞི་རྩའི་ཐབས་ལམ་ནི་དེ་བས་ཀྱང་ཡིན་པ་རེད། སྔར་ལྷག་གིས་ཤོར་འགོག་སློབ་སྐྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཞིང་། ལས་ཀའི་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས་སློབ་ལོར་སོན་པའི་བྱིས་པས་འོས་འགན་སློབ་གསོ་དང་ལེན་བྱ་རྒྱུའི་ཁེ་དབང་འགན་ལེན་བྱ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཚན་བཟོ་འགོད་བྱས་ནས་སློབ་མ་ཚོར་སློབ་གྲྭའི་ནང་ཤེས་བྱ་དང་ཆབ་སྲིད། བཅའ་ཁྲིམས། ལག་རྩལ། ཡ་རབས་ཚུལ་ལྡན་བྱེད་སྟངས་བཅས་སྦྱོང་དུ་འཇུག་དགོས།

   ལིའུ་ཁྲེང་མིང་གིས་ཉི་མཚོ་དགོན་པ་དང་གསེར་ཐར་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་སོགས་ལ་ཕེབས་སྐབས་ནན་གསུང་གནང་དོན། དགོན་པ་ནི་སྤྱི་ཚོགས་ཀྱི་གཞི་རྩའི་གྲུབ་ཆ་ཡིན་པ་དང་གྲྭ་བཙུན་ནི་གཞི་རྩའི་མང་ཚོགས་ཡིན་པས། རིམ་པ་ཁག་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དོན་འཁྱོལ་མཐར་ཕྱིན་པ་བྱས་ནས་ཏང་གིས་ཆོས་ལུགས་ལས་ཀར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་རྒྱ་ཆེའི་གྲྭ་བཙུན་ཚོར་ཏང་གི་དྲིན་གཟོ་དྲན་ཞིང་མེས་རྒྱས་ལ་དགའ་བ། བཅའ་ཁྲིམས་སྲུང་བ་བཅས་བྱ་རྒྱུའི་སློབ་སྟོན་བྱེད་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཕྲོད་མཐུན་ཡོང་བར་ཁྲིད་སྟོན་བྱ་དགོས།

   ལིའུ་ཁྲེང་མིང་གིས་རྫོང་ཁག་གསུམ་དུ་བརྟག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་སྐབས་ད་དུང་མགྲོན་ཁང་དང་སྣུམ་བླུགས་ས་ཚུགས། བདེ་འཇགས་བཅོས་སྐྱོང་ཞིབ་བཤེར་ས་ཚུགས་ཁ་ཤས་སུ་ལྐོག་ཞིབ་གནང་བར་མ་ཟད། ད་དུང་ལས་གྲྭ་དང་པོར་བརྟན་སྲུང་བྱེད་བཞིན་ཡོད་པའི་བརྟན་བརླིང་འཚོ་སྲུང་གི་ལས་སྒྲུབ་མི་སྣར་འཚམས་འདྲི་གནང་བ་རེད།།

  • ལེ་ཚན་སྔོན་མ།:ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་དབུལ་ཕོངས་རྫོང་ཚང་མས་དབུལ་ཐར་དབུལ་ཞྭ་ཕུད་རྒྱུའི་འཆར་གཞི་འཇོག་འགོ་བཙུགས།
  • ལེ་ཚན་རྗེས་མ།:ཞིང་པ་ཚོས་དཔྱིད་རྨོད་ལ་བྲེལ་ནས་ལོ་ལེགས་ཐོབ་པར་རེ་སྒུག་བྱེད།
  • དོ་སྣང་ཆེ་བའི་རྩོམ།