ཞིང་ཆེན་ཡོངས་ཀྱི་བོད་ཁུལ་གྱི་དབུལ་ཕོངས་རྫོང་ཚང་མས་དབུལ་ཐར་དབུལ་ཞྭ་ཕུད་རྒྱུའི་འཆར་གཞི་འཇོག་འགོ་བཙུགས།

བདེ་སྐྱིད་ཀྱིས་བསྒྱུར།        2019-03-18

   ཉེ་ཆར། གསར་འགོད་པས་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲྭ་ཚུགས་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོར་བོད་ཁུལ་གྱི་དབུལ་ཕོངས་རྫོང་ཚང་མས་ཁྱོན་ཡོངས་ནས་དབུལ་ཐར་དབུལ་ཞྭ་ཕུད་རྒྱུའི་རྣམ་པ་མངོན་འགྱུར་བྱ་རྒྱུ་རེད།

   མིག་སྔར་ཞིང་ཆེན་དབུལ་སྐྱོར་གསར་སྦོལ་ཅུས་ཀྱིས་ཁྱོན་ཡོངས་ནས་དཀར་མཛེས་དང་རྔ་བ། ལེའང་ཧྲན་བཅས་ཁུལ་གསུམ་གྱི་བོད་ཁུལ་དབུལ་ཕོངས་རྫོང16གི་དབུལ་པོའི་མི་འབོར་ཁྲི4ལྷག་ཙམ་གྱིས་དབུལ་ཐར་དབུལ་ཞྭ་ཕུད་རྒྱུའི་འཆར་གཞི་བཞག་འགོ་བཙུགས་ཏེ། ད་ལོར་བོད་ཁུལ་གྱི་དབུལ་ཕོངས་རྫོང་ཚང་མས་དབུལ་པོའི་ཞྭ་མོ་ཕུད་ཐུབ་རྒྱུའི་འགན་ལེན་བྱས་ནས། དབུལ་ཕོངས་དང་ས་ཁོངས་རང་བཞིན་གྱི་སྤྱི་ཆའི་དབུལ་ཕོངས་གཞི་རྩའི་ཐོག་མེད་པར་བཟོ་རྒྱུ་ཡིན་པ་རེད།

   ཞིང་ཆེན་དབུལ་སྐྱོར་གསར་སྦོལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲུང་ཀྲེ་རུང་གིས་འདི་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་ནས་ཞིང་ཆེན་དབུལ་སྐྱོར་གསར་སྦོལ་ཅུས་ལ་སྤྲད་པའི་གཟི་བརྗིད་དང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པ་རེད། ཞིང་ཆེན་དབུལ་སྐྱོར་གསར་སྦོལ་ཅུས་ཀྱིས་གཙོ་བོར་གཤམ་གྱི་བྱེད་ཐབས་སྤྱད་ནས་སྐུལ་འདེད་གཏང་རྒྱུ་ཡིན་པ་སྟེ། གཅིག་ནི་དམིགས་འབེན་ལ་དམ་པོར་དམིགས་ནས་ཁྱོན་ཡོངས་ནས་གསེས་འཐེན་ཞིབ་བཤེར་བྱ་རྒྱུ་ཡིན་པ། གཉིས་ནི་ཕྱིར་མིག་ལྟ་བ་དང་ཕྱིར་མིག་རོགས་རམ་བྱ་རྒྱུ་ཏན་ཏིག་ངང་སྤེལ་རྒྱུ་ཡིན་པ། གསུམ་ནི་དབུལ་ཐར་འགག་སྒྲོལ་དང་གྲོང་སྡེ་དར་རྒྱས་གཏོང་བའི་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་གསུངས་པ་རེད།།

  • ལེ་ཚན་སྔོན་མ།:ཨ་འབྲུ་ནས་ནག་དར་མདོའི་ཞིང་པ་ཕྱུག་འགྱུར་བྱེད་ཡས་ཀྱི་ནོར་བུར་གྱུར།
  • ལེ་ཚན་རྗེས་མ།:འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་དོན་ཆེན་གསུམ་གཅིག་གྱུར་གྱིས་འཆར་འགོད་དང་དམ་འཛིན་ཡག་པོ་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།