དཀར་མཛེས་རྫོང་གིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོགས་སུ་བཏང་།
སྐལ་ཐུབ་ཀྱིས་བསྒྱུར། 2015-04-23
ཉེ་ཆར།དཀར་མཛེས་རྫོང་གིས2015ལོ་དེ་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བའི་ལོར་གཏན་འཁེལ་བྱས་ཤིང་།སྔར་ལྷག་གིས་ལས་འགན་གསལ་པོ་དང་བྱེད་ཐབས་ཕྲ་ཞིབ།འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་གཙོ་གནད་ལས་ཀ་ཁག་ལས་ཆོད་ལྡན་པར་ཁག་ཐེག་ཡོང་བ་དང་དམངས་ཕན་སྲིད་ཇུས་མང་ཚོགས་ཀྱི་སར་སླེབས་མི་ཐུབ་པའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་དཀར་མཛེས་རྫོང་གིས་ལས་ཀ་སྤེལ་བའི་རྣམ་གྲངས330ཡོད་ཅིང་། དེའི་ནང་འཕྲོར་འཛུགས་རྣམ་གྲངས93ཡོད་པ་དང་གཏོང་འཇོག་བྱས་པའི་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར9.27ཡིན་ཞིང་མ་དངུལ་སྒོར་དུང་ཕྱུར3.29བཏང་ཟིན། 2015ལོར་འཛུགས་སྐྲུན་ལས་འགན་ཚང་མ་འགྲུབ་པར་བྱ་རྒྱུ། མིག་སྔར་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར4.9དོན་ཐོག་འཁྱོལ་ཡོད། གསར་འཛུགས་རྣམ་གྲངས111ཡོད་ཅིང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར5.26ཡིན་ལ། རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར4.19དོན་ཐོག་འཁྱོལ་ཡོད། སྔོན་བཀོད་ལས་ཀ་ཇེ་མགྱོགས་སུ་གཏོང་བའི་རྣམ་གྲངས39ཡོད་ཅིང་གྲབས་གསོག་རྣམ་གྲངས87ཡོད་པ་རེད།།