དར་མདོ་རྫོང་གིས་ཞིང་པའི་སྡོད་ཁང་ཉམས་གསོ་བསྐྱར་འཛུགས་ཀྱི་སྲིད་ཇུས་ཁྲིམས་སྲོལ་སྐོར་སྐྱོད་སྒྲོག་འགྲེལ་བྱས།

ཨོ་རྒྱན་གྱིས་བྲིས།        2015-04-23

ཉེ་ཆར།དར་མདོ་རྫོང་ཞིང་པའི་སྡོད་ཁང་ཉམས་གསོ་དང་བསྐྱར་འཛུགས་ཀྱི་སྲིད་ཇུས་ཁྲིམས་སྲོལ་སྐོར་ཞིབ་སྒྲོག་འགྲེལ་བྱེད་མཁན་ལས་སྒྲུབ་ཚོ་ཆུང་སྔ་ཕྱིར་ལྷ་སྒང་གྲོང་རྡལ་དང་ར་རྔ་ཁ་གྲོང་རྡལ།ཝ་ཁྲལ་ཤང་བཅས་སུ་ཕྱིན་ནས་ཞིང་ཆེན་དང་ཁུལ་གྱིས་དར་མདོར་ས་འགུལ་བྱུང་རྗེས་ཀྱི་ཉམས་གསོ་དང་བསྐྱར་འཛུགས་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་ཁྲིམས་སྲོལ་དང་ཟུང་འབྲེལ་བྱས་ནས།《དར་མདོ་རྫོང་དུ2014ལོའི་ཟླ་བ11པའི་ཚེས22ཉིན་ས་འགུལ་བྱུང་རྗེས་ཀྱི་ཞིང་པའི་སྡོད་ཁང་བསྐྱར་འཛུགས་བྱ་རྒྱུའི་ལག་བསྟར་ཞིབ་ཕྲའི་(འཆར་ཟིན)》དང《དར་མདོ་རྫོང་དུ2014ལོའི་ཟླ་བ11པའི་ཚེས22ཉིན་ས་འགུལ་བྱུང་རྗེས་ཀྱི་ཞིང་པའི་སྡོད་ཁང་ཉམས་གསོ་དང་སྲ་བརྟན་གཏོང་བའི་ལག་བསྟར་ཞིབ་ཕྲའི་(འཆར་ཟིན)》གཉིས་ཀྱི་ནང་དོན་དག་གཞི་རིམ་མང་ཚོགས་ཀྱིས་གོ་ཐུབ་པའི་ཁ་སྐད་རྣལ་མའི་ཐོག་ནས་སྒྲོག་འགྲེལ་བྱས་པ་དང་།ཞིང་པའི་སྡོད་ཁང་ཉམས་གསོ་སྲ་བརྟན་གཏོང་བ་དང་བསྐྱར་འཛུགས་བྱེད་སྟངས་སྒྲོག་འགྲེལ་ཞིབ་ཕྲ་བྱས་པ་རེད།ཁ་གསབ་རོགས་དངུལ་སྤྲོད་པའི་གཞི་འཛིན་ས་དང་།ཚད་གཞི།རྒྱུད་རིམ་གནད་དོན་ཞིབ་ཕྲ་སོགས་ལས་བྱེད་པ་དང་ལས་བཟོ།ཞིང་འབྲོག་མང་ཚོགས་བཅས་ཀྱིས་འབྲེལ་ཡོད་སྲིད་ཇུས་ཁྲིམས་སྲོལ་དེ་བས་ཡག་པོའི་སྒོས་ཁོང་དུ་ཆུད་ཐུབ་པ་བྱས་ཏེ།སྲིད་ཇུས་ལག་བསྟར་བྱེད་ནུས་ལ་སྐུལ་འདེད་བཏང་བ་རེད།།
  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་ཁྲིམས་དང་འགལ་ནས་ཤིང་ཆ་འདྲེན་པའི་བྱ་སྤྱོད་ཕྱོགས་བསྡུས་བཅོས་སྐྱོང་བྱས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོགས་སུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།