《ལིའུ་ཝུན་ཧུའེ་ཞི་ཁམས་སུ་ཡོད་དུས》ཞེས་པའི་དཔེ་དེབ་དངོས་སུ་དཔར་འགྲེམ་བྱས།

བདེ་ཆེན་གྱིས་བསྒྱུར།        2019-01-25

   

《ལིའུ་ཝུན་ཧུའེ་ཞི་ཁམས་སུ་ཡོད་དུས》ཞེས་པའི་དཔེ་དེབ་དངོས་སུ་དཔར་འགྲེམ་བྱས།

    ཉེ་ཆར། ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་གིས་སྡུད་སྒྲིག་བྱས་པའི《ལིའུ་ཝུན་ཧུའེ་ཞི་ཁམས་སུ་ཡོད་དུས》ཞེས་པའི་དཔེ་དེབ་དངོས་སུ་དཔར་འགྲེམ་བྱས་པ་རེད། དཔེ་དེབ་དེ་ནི་ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་གིས་ལོ་གསུམ་རིང་ལ་འཚོལ་སྔོག་བྱས་པའི་ས་གནས་ཀྱི་གནས་ཚུལ་མཚོན་པའི་དཔེ་དེབ་ཅིག་ཡིན་ལ།《ས་མཐའི་ཕོ་རྒོད་གསུམ》ཞེས་པའི་ཀུན་བཏུས་དེབ་ནང་གི་ཡ་གྱལ་ཞིག་ཡིན།

     དཔེ་དེབ་དེའི་དཔྱད་གཞིའི་ཡིག་རིགས་སྡུད་གསོག་བྱས་ནས་རྩོམ་སྒྲིག་པར་སྐྲུན་བྱས་པའི་བར་ཞིབ་དཔྱད་དུ་མ་བྱས་ཡོད་ཅིང་། མུ་མཐུད་དུ་ལོ་རྒྱུས་ཀྱི་བདེན་དངོས་རང་བཞིན་བླང་ཐབས་བྱེད་ཆེད་རྩོམ་སྒྲིག་གི་གོ་རིམ་ཁྲོད་དུ་རྩོམ་སྒྲིག་མི་སྣས་ཡིག་འབྲུ་རེ་རེ་བཞིན་ཞུ་དག་ཡང་དག་བྱས་པ་བཅས་དུས་ཚོད་དང་སེམས་ཤུགས་གང་མང་ཞིག་ཕུལ་ཡོད་པ་རེད། དཔེ་དེབ་དེ་ལས་ལིའུ་ཝུན་ཧུའེ་ཞི་ཁམས་སུ་ཡོད་པའི་དུས་སྐབས་ཀྱི་དཀར་མཛེས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཀྱི་གནས་ཚུལ་ཡོངས་རྫོགས་དོན་དངོས་ཀྱིས་ཐོག་ནས་མཚོན་ཡོད་ཅིང་། དཀར་མཛེས་ཁུལ་བཅིངས་འགྲོལ་མ་བཏང་གོང་ནས་ལིའུ་ཝུན་ཧུའེ་ཡིས་གུང་འབྲེལ་ཅང་རྒོལ་བྱས་པའི་དོན་རྐྱེན་སོགས་ཀྱི་བརྒྱུད་རིམ་ཡོངས་རྫོགས་མངོན་པར་བྱས་ཡོད།

    དཔེ་དེབ་ཆ་ཚང་ལ《འགོ་བརྗོད》དང《དར་མདོར་མ་བསླེབ་པའི་སྔོན》《ཞི་ཁམས་སུ་ཡོད་དུས》《གདམ་ག་རྒྱག་པ》《ཟུར་བཀོད》བཅས་ཁག་ལྔར་བགོས་ཤིང་ཁྱོན་བསྡོམས་ཡིག་འབྲུ་ཁྲི24ཡོད་པ་རེད།

    དཔེ་དེབ་དེ་དཔེ་སྐྲུན་བྱ་རྒྱུ་ནི་དུས་སྐབས་དེའི་རིང་གི་དཀར་མཛེས་ཁུལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པ་དང་། ལིའུ་ཝུན་ཧུའེ་ཞི་ཁམས་སུ་ཡོད་པའི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་པར་ནུས་པ་གལ་ཆེན་ལྡན་ཡོད་པ་རེད།།­



  • ལེ་ཚན་སྔོན་མ།:བློ་བཟང་དགེ་ལེགས་རྒྱ་ནག་ཁྲེང་ཏུའུ་གྲོང་ཁྱེར་དུ་འགྲུལ་སྐོར་ལ་ཕྱིན་པ།
  • ལེ་ཚན་རྗེས་མ།:ཕེང་ཆིང་ཧྭས་ཏན་ཏིག་གིས་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཁྱད་ཆོས་ལྡན་པའི་མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལམ་
  • དོ་སྣང་ཆེ་བའི་རྩོམ།