ཀུན་དགའ་དང་ཡེ་ཤེས་ཀྱིས། 2019-01-10
ཚོགས་ཆེན་གྱི་ཚོགས་ར།
ཟླ་བ་དང་པོའི་ཚེས10ཉིན་གྱི་སྔ་དྲོར། སྐབས་བཅུ་གཉིས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་ཁག་བདེ་བླག་ངང་གྲུབ་ནས་དར་མདོར་མཇུག་བསྒྲིལ་བ་རེད།
གྲོས་ཚོགས་སུ་ཞུགས་དགོས་པའི་འཐུས་མི280ཡིན་ཞིང་། དངོས་སུ་ཞུགས་པའི་འཐུས་མི250ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལི་ཁང་དང་། ལི་ཅང་། ལིའུ་ཅེ་ཞང་། ཧྲུའུ་ཏ་ཁྲུན། ཁང་ཀོང་ཡིའུ། ཁྲེན་ཐིང་ཆོན། ཚའོ་ཅན་ཁུའེ། ཚེ་རིང་དབང་འདུས། ཙེང་ཀོན་ཧོ། ཕུའུ་ཡུང་ཧྥེང་། ལེ་ཅན་ཞིན། ཀྲུའུ་ཅུན། བློ་བཟང་རྒྱ་མཚོ་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་གིས་ཚོགས་ཆེན་གཙོ་འགན་བཞེས།
འདེམས་བསྐོའི་ཚོགས་ཆེན་ཐོག་ལིའོ་ཞུའེ་ཏུང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་ལ་བདམས་ཐོན་བྱུང་ཞིང་། སི་ཁྲོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་ལ་ཞུས་ནས་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་སྤྲད་རྒྱུ་འབུལ་དགོས། སྲིད་གཞུང་གི་ལས་ཀའི་སྙན་སེང་དང་འཆར་གཞིའི་སྙན་སེང་། ནོར་སྲིད་སྙན་སེང་། ཁུལ་དམངས་ཆེན་གྱི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་སེང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་སེང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་སེང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གནོད་འགོག་གནོད་སྐྱོབ་སྲོལ་ཡིག(འཆར་ཟིན)བཅས་ཀྱི་གྲོས་ཆོད་རྣམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་གིས་ཚོགས་ཆེན་གཙོ་འགན་བཞེས་བཞིན་པ།
ཚོགས་ཐོག་ཏུ་ལིའུ་ཁྲེང་མིང་གིས་བསྟན་དོན། ལོ་གཅིག་གི་རིང་ལ་ཁུལ་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མི་ཡོངས་ལ་སྣེ་ཁྲིད་པ་དང་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བསམ་བློའི་ཐོག་ལས་ཡུལ་དངོས་ཀྱི་ཚད་གཞི་རྒྱུན་འཁྱོངས་དང་ལས་ཀའི་ཁྲོད་ལས་ཡུལ་དངོས་ཀྱི་ཚད་གཞི་རྒྱུན་འཁྱོངས། སྤྱི་ཡོངས་ཁྲོད་ལས་ཡུལ་དངོས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ནས་གླེང་མོལ་བཞི་དང་ཡོད་པ་བཞིའི་ལས་ཁུངས་འཛུགས་སྐྱོང་བྱ་རྒྱུ་དེ་དུས་རབས་གསར་པའི་དམངས་ཆེན་ལས་དོན་གསར་སྐྲུན་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་སར་བརྩིས་ཡོད། ཁུལ་ཡོངས་བསྒྱུར་བཅོས་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་ལ་དམ་པོར་དམིགས་ཏེ་ཁྲིམས་བཀོད་འགན་འཁྲི་ནན་ཏན་ལག་བསྟར་བྱས་པ་དང་དམངས་གཙོ་ཁྲིམས་སྐྱོང། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་གཏོང་བཅས་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་མཐའ་འཁྱོངས་བྱས་ཡོད།
ལིའུ་ཁྲེང་མིང་གིས་བསྟན་དོན། 2019ལོ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པའི་ལོ་ཞིག་ཡིན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་ལོ་ཞིག་ཀྱང་ཡིན། ལོ་འདི་ནི་རང་ཁུལ་གྱིས་གསུམ་འཛུགས་མཉམ་འགུལ་བྱེད་པའི་ལོ་དང་པོ་དེ་ཡིན་ལ་དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་བླང་པའི་ལོ་དང་པོའང་ཡིན་ཞིང་། ཉེ་ཆར་འཚོགས་པའི་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཁུལ་ཨུས་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་ཡོད། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏང་རྒྱུ་དེ་རྩ་བའི་བླང་བྱར་བརྩིས་ནས་རང་ཁུལ་ལ་ཐུག་པའི་གོ་སྐབས་དང་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་ལོ་ཧྲིལ་པོའི་འབད་འཐབ་དམིགས་འབེན་དང་ལས་འགན་ཁག་ལ་བཀོད་སྒྲིག་གང་ལེགས་བྱས་ཡོད།
ཚོགས་རའི་ཟུར་ཞིག
ལིའུ་ཁྲེང་མིང་གིས་བསྟན་དོན། མི་ཚང་མར་འགན་འཁྲི་སྒྲུབ་སེམས་དང་གལ་ཆེ་བའི་འདུ་ཤེས་སྔར་བས་ལྡན་དགོས་ལ་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་བྱས་ནས་ཁུལ་ཨུའི་ཐབས་ཇུས་དང་བཀོད་སྒྲིག་ཐོག་གནས་ཐུབ་པར་བྱ་དགོས། བློ་གྲོས་དང་སྟོབས་ཤུགས་གོང་བུ་གཅིག་སྒྲིལ་ཡོང་བར་བྱས་ནས་མཉམ་ཅིག་ཏུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ཡུན་རིང་བདེ་འགོད་ཡོང་བའི་ཐོག་གནས་པར་བྱ་དགོས། ཚང་མས་ཡིད་ཆེས་བརྟན་པོ་དང་སེམས་ཤུགས་གཅིག་སྒྲིལ་གྱིས་ལས་ཀ་བསྒྲུབས་ནས་མཛེས་སྡུག་འཆམ་མཐུན་གྱི་དཀར་མཛེས་ཁུལ་བསྐྲུན་དགོས།
ཚོགས་འདུ་བདེ་བླག་ངང་གྲོལ་བ།
ལིའུ་ཁྲེང་མིང་གིས་ཐུགས་རེ་གནང་དོན། གཅིག་ནི་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་འཛིན་ནན་པོ་བྱ་དགོས། གཉིས་ནི་ལྟེ་བར་དམིགས་པ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་གསར་པ་འབུལ་དགོས། གསུམ་ནི་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་མང་ཚོགས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོན་པ་བྱ་དགོས། བཞི་ནི་རང་འགན་གཙང་སྒྲུབ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་རྣམ་པ་གསར་པ་གཏོད་དགོས། ལྔ་ནི་དངོས་གཉེར་བཀོལ་སྤྱོད་རྒྱུན་འཁྱོངས་བྱས་ཏེ་འཐུས་མིའི་ནུས་པ་འདོན་སྤེལ་བྱེད་པར་གྲུབ་འབྲས་གསར་པ་འཐོབ་ཐབས་བྱ་དགོས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10