འབྲི་ཆུ་པད་དགེའི་ཆུ་བསྐྱིལ་མཚེའུ་ཡི་འཕྲིན་གསར།

བདེ་ཆེན་གྱིས་བསྒྱུར་ཞུས་བྱས།        2018-11-14

    གསར་འགོད་པས་ཁུལ་མི་དམངས་སྲིད་གཞུང་གི་གསར་འགྱུར་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།མཚེའུ་ཡི་འཁྱིལ་ཆུ་བཤང་རྗེས་འབྲི་ཆུའི་པད་དགེའི་ཆུ་བསྐྱིལ་མཚེའུ་ཡི་སྟོད་རྒྱུད་ཀྱི་ཉེན་ཁའི་གནས་ཚུལ་ཇེ་ཡང་དུ་སོང་ཡོད་པ་རེད།སྤྱི་ཟླ11པའི་ཚེས13ཉིན་གྱི་ཆུ་ཚོད16བར། པད་དགེའི་ཆུ་བསྐྱིལ་མཚེའུ་སྟོད་རྒྱུད་ཀྱི་སྤྱི་ལེ3ཡོད་སའི་ཆུ་ཚད་སྨི2953.53ཡིན་ཞིང་དེ་སྔོན་གྱི་ཆེས་མཐོ་བའི་ཆུ་ཚད་ལས་སྨི2.87ཆག་ཡོད།ཚོད་རྩིས་བྱས་ན་པད་དགེའི་ཆུ་བསྐྱིལ་མཚེའུའི་ཆུ་བསགས་ཚད་དེ་སྔོན་གྱི་ཆུ་ཚད་ཆེས་ཆེ་བ་དང་བསྡུར་ན་སྨི་ལྷམ་པ་གྲུ་བཞི་མ་དུང་ཕྱུར0.49ཉུང་དུ་སོང་ཡོད།སྨད་རྒྱུད་སྤྱི་ལེ56ཡི་སར་གཡས་པ་ཐང་ཆུ་གློག་ས་ཚུགས་ཀྱི་ཆུ་ཚད་སྨི2725.48ཡིན་ཞིང་ཆུ་ཚོད་གཅིག་གི་སྔོན་ལས་སྨི0.08རྒྱས་པ་རེད།

    ཆེད་རམས་པས་ཞིབ་འཇུག་བརྡར་གཅོད་བྱས་པར་གཞིགས་ན།པད་དགེའི་ཆུ་བསྐྱིལ་མཚེའུ་བཞུར་ཚད་དེ་བསགས་ཚད་ལས་ཆེ་བས།པད་དགེའི་ཆུ་བསྐྱིལ་མཚེའུའི་ཆུ་ཡི་བསགས་ཚད་ཇེ་ཉུང་དུ་སོང་བ་དང་བསྟུན་ནས་སྟོད་རྒྱུད་ཀྱི་ཉེན་ཁའི་གནས་ཚུལ་ཇེ་ཡང་དུ་འགྲོ་བཞིན་ཡོད་པ་རེད།

    འཕྲལ་སྒྲུབ་དོ་དམ་པུའུ་ཡིས་འབྲི་ཆུ་སྟོད་སྨད་དུ་འབྲེལ་ཡོད་མི་སྣས་ད་དུང་དོགས་ཟོན་ཆེན་པོ་བྱས་ཏེ་ཉེན་ཁ་སྔོན་འགོག་བྱ་རྒྱུ་དང་།འབྲི་ཆུ་སྟོད་སྨད་ས་ཁུལ་གྱི་མང་ཚོགས་ཀྱིས་ས་གནས་སྲིད་གཞུང་གི་སྤྱི་བསྒྲགས་ལ་དོ་ཁུར་བྱེད་ཅིང་།འབྲི་ཆུའི་འབབ་རྒྱུད་ཀྱི་ཉེན་ཁའི་ས་ཁོངས་དང་རི་ཉིལ་ཉེན་ཡོད་པའི་ས་རྒྱུད་ལས་གཡོལ་དགོས་ལ།སྨད་རྒྱུད་ཁེ་ལས་ཀྱིས་འཕྲལ་སྒྲུབ་སྔོན་ཇུས་ལྟར་སྔོན་འགོག་བྱེད་ཐབས་ཡག་པོ་བསྒྲུབ་དགོས་པ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་ལོག་ཆེན་པོར་ཁ་གཏད་འཇལ་དགོས་པའི་གསལ་འདེབས་བྱས་པ་རེད།

    རྒྱལ་ཁབ་གནོད་སེལ་ཨུ་ལྷན་འཕྲལ་སྒྲུབ་དོ་དམ་པུའུ་ཡིས་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གནོད་སྐྱོབ་འཕྲལ་སྒྲུབ་དང་ལེན་མྱུར་མོ་བྱེད་ཅིང་།སི་ཁྲོན་ཞིང་ཆེན་གྱིས་རིམ་པ་གསུམ་པའི་གནོད་སྐྱོབ་འཕྲལ་སྒྲུབ་དང་ལེན་བྱ་འགོ་ཚུགས་པ་དང་།དཀར་མཛེས་ཁུལ་གྱིས་མང་ཚོགས་ཁྲི1.8ལྷག་གནོད་གཡོལ་དང་བཀོད་སྒྲིག་བྱས་ཡོད་པ་རེད། ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད་ཀྱིས་ཀྱང་མི་ཤི་རྨས་མི་འབྱུང་བ་དང་རྒྱུ་ནོར་གཏོར་བརླག་ཉུང་བ།ཉེན་ཁའི་གནས་ཚུལ་མགྱོགས་ཙམ་བསལ་ཐུབ་པ་བཅས་ཀྱི་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པ་གནང་བ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ནགས་ཚལ་མེ་འགོག་གི་ལས་ཀ་ལྔ་སྔ་སྣུར་བསྒྲུབ་རྒྱུར་དོ་སྣང་བྱས།
  • ལེ་ཚན་རྗེས་མ།:དཀར་མཛེས་གེ་སར་གནམ་གྲུ་ཐང་དུ་སང་ལོར་གནམ་གྲུ་ཤར་གཏོང་ཐུབ་རེ་ཡོད།
  • དོ་སྣང་ཆེ་བའི་རྩོམ།