རང་ཁུལ་གྱིས་ནགས་ཚལ་མེ་འགོག་གི་ལས་ཀ་ལྔ་སྔ་སྣུར་བསྒྲུབ་རྒྱུར་དོ་སྣང་བྱས།

        2018-11-14

     སྤྱི་ཟླ11པའི་ཚེས1ཉིན་ནས་བཟུང་། རང་ཁུལ་དུ་ནགས་ཚལ་མེ་འགོག་བྱེད་པའི་དུས་སུ་སླེབས་པ་རེད། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་དུས་ཀྱི་ནགས་ཚལ་མེ་འགོག་ལས་ཀ་སོ་སོ་ཡག་པོ་བསྒྲུབས་ནས་སེམས་ཐག་གཙང་བཅད་ཀྱིས་ནགས་ཚལ་ལ་མིས་བཟོས་མེ་སྐྱོན་ཤོར་བར་གཏན་འགོག་བྱེད་པ་དང་། ཁུལ་ཡོངས་ཀྱི་ནགས་ཚལ་ཐོན་ཁུངས་དང་སྐྱེ་ཁམས་ཉེན་མེད་ཡོང་བར་ཁག་ཐེག་བྱ་ཆེད། ཁུལ་ནགས་ཚལ་མེ་འགོག་བཀོད་འདོམས་པུའུ་ཡིས་བྱེད་ཐབས་སྣ་མང་སྤྱད་ནས་དགུན་དཔྱིད་དུས་ཚིགས་ཀྱི་མེ་སྐྱོན་འགོག་པའི་ལས་ཀ་སྤེལ་བ་རེད།

     ཁྱོན་ཡོངས་ནས་སྔ་སྣུར་བཀོད་སྒྲིག་བྱེད་པར་སྐུལ་སློང་བྱས་ནས་སྤྱི་ཟླ10པའི་ཟླ་དཀྱིལ་དུ་ཁུལ་ནགས་ཚལ་མེ་འགོག་བཀོད་འདོམས་པུའུ་ཡིས་ཁུལ་ཡོངས་ཀྱི་ནགས་ཚལ་མེ་འགོག་བཀོད་འདོམས་མ་ལག་གི་ནགས་ཚལ་མེ་འགོག་ལས་ཀའི་བརྙན་འཕྲིན་གྲོས་ཚོགས་འཚོགས་ནས། ཡང་དུ་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་སེལ་གྱི་ལས་ཀའི་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་བྱས་པ་དང་། ཁུལ་ཡོངས་ཀྱི་ནགས་ཚལ་མེ་འགོག་གི་ལས་དོན་སྒྲུབ་མཁན་གྱི་བློ་མཐུན་ཚོས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱས་ཏེ།སྔ་སྣུར་ཇུས་འགོད་དང་དངོས་ཟོག་འདང་ངེས་གྲ་སྒྲིག དཔུང་སྡེ་ནུས་ལྡན་བཅས་བྱས་ཤིང་། སྔོན་འགོག་བྱ་རྒྱུ་གཙོ་གནད་འཛིན་ནས་ཁྱོན་ཡོངས་ནས་ནགས་ཚལ་མེ་འགོག་གི་ལས་ཀའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་དགོས་པའི་བླང་བྱ་བཏོན་པ་རེད།

    ལས་ཀའི་བྱེད་ཐབས་སྔ་སྣུར་ཞིབ་ཚགས་བསྒྲུབས་ནས་ཁུལ་ནགས་ཚལ་མེ་འགོག་བཀོད་འདོམས་པུའུ་ཡིས《ནགས་ཚལ་མེ་འགོག་ལས་ཀའི་བཀོད་སྒྲིག་སྐོར་གྱི་བརྡ་ཐོ》བཀྲམ་སྟེ་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས། མེ་འགོག་འགན་འཁྲི་དོན་འཁྱོལ། ལྟ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོས་མེ་སྐྱོན་གྱི་གནས་ཚུལ་འགོག་ཐབས་བྱེད་པ་སོགས་ཕྱོགས7གྱི་ཆ་ནས་ཁུལ་ཡོངས་ཀྱི་རྫོང་ཁག་སོ་སོས་སྔ་ལས་ལྷག་པར་གནས་བབ་ཤེས་གསལ་དང་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ནན་ཏན་བྱས་ཏེ། ནུས་ཤུགས་ཡོད་རྒུས་ནགས་ཚལ་མེ་འགོག་གི་ལས་ཀ་སྐུལ་འདེད་ཏན་ཏིག་གཏོང་བར་ཁག་ཐེག་བྱས་པ་རེད།

     ལྟ་སྐུལ་ཞིབ་བཤེར་གྱི་ལས་ཀ་སྔ་སྣུར་སྤེལ་ནས་ཁུལ་ནགས་ལས་ཅུས་ཀྱིས་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18ལ་ལས་སྒྲུབ་ཚོ་ཆུང་མང་པོ་མངགས་ནས་མེ་འགོག་གི་གྲ་སྒྲིག་ལས་ཀ་དང་ནགས་ཚལ་གྱི་འཕྲལ་སྒྲུབ་མེ་གསོད་རུ་ཆེན་བཙུགས་ཚུལ་ཞིབ་བཤེར་བྱས་པ་དང་ཆབས་གཅིག ནགས་ཚལ་གྱི་འཕྲལ་སྒྲུབ་མེ་གསོད་རུ་ཆེན18ལ་གཅིག་བསྡུས་ཀྱིས་སྦྱོང་བརྡར་བྱས་པ་རེད།

     སྤྱི་ཚོགས་ལ་དྲིལ་བསྒྲགས་དང་སྔ་སྣུར་སྐུལ་སློང་བྱས་ནས་ཁུལ་ནགས་ཚལ་མེ་འགོག་བཀོད་འདོམས་གཞུང་ལས་ཁང་གིས་ཁུལ་རིག་གནས་དང་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་གསར་འགྱུར་པར་སྐྲུན་ཁང་དང་། ཁུལ་འགུལ་འཕྲིན། འཕྲིན་སྦྲེལ། གློག་འཕྲིན་སོགས་སྡེ་ཁག་དང་འབྲེལ་འདྲིས་ཧུར་ཐག་བྱེད་ཅིང་། སྡེ་ཁག་གི་ལས་སྟེགས་བརྒྱུད་ནས་སྤྱི་ཕན་ཆ་འཕྲིན་སྐྱེལ་གཏོང་བྱས་ཏེ། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་ནགས་ཚལ་མེ་འགོག་ནི་མི་ཚང་མའི་འགན་འཁྲི་ཡིན་པའི་གྲོས་གཞི་བཏོན་པ་རེད།

    ལས་རེས་གཏན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་ཟླ10པའི་ཚེས31ཉིན། ཁུལ་ནགས་ཚལ་མེ་འགོག་བཀོད་འདོམས་ལྟེ་གནས་ཀྱིས་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18ཀྱི་ནགས་ཚལ་བཟོ་ལས་ཁེ་ལས8ལ་བརྙན་བརྡའི་འགུལ་ཚད་ཀྱི་ལས་རེས་མ་ལག་སྙོམས་སྒྲིག་བྱས་པ་དང་། ཁུལ་ཡོངས་ཀྱི་ནགས་ཚལ་མེ་འགོག་བཀོད་འདོམས་ལྟེ་གནས་ཀྱིས་སྤྱི་ཟླ11པའི་ཚེས1ཉིན་ནས་བཟུང་ནགས་ཚལ་མེ་འགོག་གི་དུས་ལ་དངོས་སུ་བསླེབས་ཏེ་ཆུ་ཚོད24ལ་ལས་རེས་གཏན་སྲུང་བྱས་པ་དང་། ནགས་ཚལ་མེ་སྐྱོན་གྱི་ཉེན་བརྡ་གཏོང་བའི་ཁ་པར1219ཐོགས་འགག་མེད་པར་ཁག་ཐེག་བྱས་པ་རེད།།

 


  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གིས་མེ་འགོག་ཉེན་མེད་ཀྱི་དྲ་བ་སྲ་བརྟན་བཏང་།
  • ལེ་ཚན་རྗེས་མ།:འབྲི་ཆུ་པད་དགེའི་ཆུ་བསྐྱིལ་མཚེའུ་ཡི་འཕྲིན་གསར།
  • དོ་སྣང་ཆེ་བའི་རྩོམ།