འབའ་ཐང་རྫོང་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་གནོད་འགོག་ཉེན་གཡོལ་བྱས།

དབྱངས་ཅན་གྱིས་བསྒྱུར།        2018-10-13

     2018ལོའི་སྤྱི་ཟླ10པའི་ཚེས11ཉིན་གྱི་ཞོགས་པའི་ཆུ་ཚོད7པར། བོད་རང་སྐྱོང་ལྗོངས་འཇོ་མདའ་རྫོང་སྤོ་ལོ་ཤང་གི་མངའ་ཁོངས་སུ་རི་ཉིལ་ནས་འབྲི་ཆུ་བཅད་པར་མ་ཟད། ཆུ་བསྐྱིལ་མཚེའུ་ཆགས་ནས་འབྲི་ཆུ་སྨད་རྒྱུད་དུ་ཡོད་པའི་འབའ་ཐང་རྫོང་གི་ཤང་དང་གྲོང་རྡལ7ལ་གནོད་འཇིགས་ཐེབས་ཉེན་ཡོད་པ་རེད།

འབའ་ཐང་རྫོང་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་གནོད་འགོག་ཉེན་གཡོལ་བྱས།

     ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག ཧྲུའུ་ཅི་ལིའུ་ཁྲེང་མིང་དང་། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཧྲུའུ་ཅི་གཞོན་པ་ལུའོ་ཀྲེན་ཧྭ། རྒྱུན་ལས་ཨུ་ཡོན་སུའུ་ཏ་ཁྲུན། ཁུལ་དཔོན་གཞོན་པ་ཧོ་ཁང་ལིན་སོགས་ཀྱིས་ཁ་པར་ཐོག་ནས་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་ཞིང་། ཁུལ་དཔོན་གཞོན་པ་ཏུའུ་ཏེ་ཆིན་དུས་ཚོད་དང་པོར་ཡུལ་དངོས་སུ་བཀོད་འདོམས་གནང་དུ་ཕེབས། འབའ་ཐང་རྫོང་གིས་དུས་ཚོད་དང་པོར་བྲེལ་མྱུར་གྱིས་གྲོས་ཚོགས་འཚོགས་ནས་བབ་བསྟུན་འགོག་ཟོན་གྱི་ལས་ཀ་བཀོད་སྒྲིག་བྱས་པ་དང་། འབྲི་ཆུ་འབབ་རྒྱུད་ཀྱི་ཤང་དང་གྲོང་རྡལ་སོ་སོའི་མང་ཚོགས་དང་ཨར་ལས་ལས་བཟོ་མི་སྣ་དུས་ཐོག་ཏུ་གནོད་གཡོལ་བཅུག་པར་མ་ཟད། བབ་བསྟུན་ཉེན་གཡོལ་བཀོད་འདོམས་པུའུ་བཙུགས་པ་དང་། དེའི་འོག་བབ་བསྟུན་མྱུར་སྐྱོབ་ཚོ་ཆུང་སོགས་ཚོ་ཆུང9བཙུགས་ནས། ནུས་ཤུགས་གང་ཡོད་ཀྱིས་གནོད་སྐྱོན་འགོག་སེལ་གྱི་ལས་ཀ་སྤེལ་ཏེ་ཁྱོན་ཡོངས་སུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་འགན་ལེན་བྱས།

འབའ་ཐང་རྫོང་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་གནོད་འགོག་ཉེན་གཡོལ་བྱས།
འབའ་ཐང་རྫོང་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་གནོད་འགོག་ཉེན་གཡོལ་བྱས།

    ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཅིག་གྱུར་བཀོད་འདོམས་འོག རྫོང་དེས་དུས་ཚོད་དང་པོར་རིམ་པ་དང་པོའི་འགོག་ཟོན་བྱས་ནས། རྫོང་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་ཆུ་ཚོད24ལ་ལས་རེས་གཏན་སྲུང་གི་ལམ་ལུགས་ལག་བསྟར་བྱས་པ་དང་། མི་སྣ་ཡོངས་ཀྱིས་བཀའ་བསྒུགས་ནས་བབ་བསྟུན་རོགས་སྐྱོབ་ཀྱི་གྲ་སྒྲིག་ལས་ཀ་ཡག་པོ་བསྒྲུབས་པར་མ་ཟད། ལི་ཐང་དང་སྨར་ཁམས་ལ་བསམ་ཚུལ་བརྗེ་རེས་བྱས་ཏེ་འགྲིམ་འགྲུལ་ཚོད་འཛིན་གྱི་ལས་ཀ་ཡག་པོ་བསྒྲུབས་པ་རེད། རྫོང་ཨུའི་ཧྲུའུ་ཅི་ཝང་ཡུས་ཆང་གིས་རུ་སྣེ་ཁྲིད་ནས་མངོན་མེད་རྐྱེན་ངན་ཡོད་སའི་ཤང་དང་གྲོང་རྡལ་གྱི་ཡུལ་དངོས་སུ་ཕྱིན་ནས་ལྟ་སྐུལ་ཞིབ་བཤེར་བྱས། ཁུལ་ཡན་ལག་མེ་གསོད་རུ་ཁག་གིས་དུས་ཚོད་དང་པོར་རྒྱབ་ཕྱོགས་ཞབས་འདེགས་མཁོ་སྒྲུབ་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་འབའ་ཐང་རྫོང་གི་མེ་གསོད་རུ་ཁག་ཏུ་མངགས་ནས་རོགས་སྐྱོར་ལས་ཀ་སྤེལ་བར་བཀའ་སྒུག་ཏུ་བཅུག་པ་དང་ཆབས་ཅིག   བྲེལ་མྱུར་ངང་ཆུ་ཐོག་རོགས་སྐྱོར་སྒྲིག་ཆས་འབའ་ཐང་རྫོང་དུ་གཏོང་འདྲེན་བྱས། ཁུལ་སྐྱེལ་འདྲེན་དོ་དམ་ཁང་གིས་འབའ་ཐང་རྫོང་དུ་འགྲུལ་སྐྱེལ་རླངས་འཁོར3བཀོད་སྒྲིག་བྱས་ཏེ་མང་ཚོགས་སྐྱེལ་འདྲེན་བྱས་པར་མ་ཟད། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས10བཀོད་སྒྲིག་བྱས་ཏེ་ནམ་དུས་རོགས་སྐྱོར་བྱེད་སར་འགྲོ་དགོས་པའི་བཀའ་སྒུག་པ་དང་། ཞིང་ཆེན་ཁྱེར་འཕྲིན་སྤྱི་གཉེར་ཁང་གིས་ཆ་འཕྲིན་བབ་བསྟུན་འགན་ལེན་བྱེད་ཡས་ཀྱི་རླངས་འཁོར་འབའ་ཐང་དུ་མངགས།

     མིག་སྔར། ཆེད་ལས་རོགས་སྐྱོར་མི་སྣ300ཡིས་བཀའ་སྒུག་བཞིན་ཡོད་པ་དང་། རོགས་སྐྱོར་གུར1090དང་། ཉལ་ཐུལ4340 བལ་གདན200 ཉལ་ཁུག150 དགུན་གོས700  སྲིང་བལ་དོར་མ་དང་སྟོད་ཐུང900 ཆུ་ལྷམ150  ལག་ཁྱེར་གློག་ཞུ110 གློག་འདོན་འཕྲུལ་འཁོར10 བབ་བསྟུན་རོགས་སྐྱོར་རླངས་འཁོར79 སྨན་བཅོས་འཕྲོད་བསྟེན་གྱི་ཡོ་ཆས་དང་འབྲས། གྲོ བཟའ་སྣུམ་སོགས་གྲ་སྒྲིག་ལེགས་པོ་བྱས་ཡོད། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ15ཡི་དུད་ཚང564ཡི་མི་གྲངས4037ཡོངས་རྫོགས་གནོད་གཡོལ་བྱས་ནས་བཀོད་སྒྲིག་བྱས་ཚར། འབྲེལ་ཡོད་འགན་ནུས་སྡེ་ཁག་གིས་གོ་རིམ་ལྡན་པའི་སྒོས་འགྲོ་འོང་བྱེད་མཁན་འགྲུལ་པར་ཕྱིར་ལོག་པའི་ཁྲིད་སྟོན་ལས་ཀ་སྤེལ་བཞིན་པ་རེད།། 


  • ལེ་ཚན་སྔོན་མ།:ཡེ་ཅན་ཁྲུན་གྱིས་བབ་བསྟུན་མཉམ་འབྲེལ་ལས་དོན་ཚོ་ཆུང་ཁྲིད་ནས་དཔལ་ཡུལ་དུ་ཉེན་སྐྱོབ་མཛུབ་སྟོན་གནང་།
  • ལེ་ཚན་རྗེས་མ།:རྡོ་རྗེ་རབ་བརྟན་གྱིས་དཔལ་ཡུལ་རྫོང་གི་ཆུ་བསྐྱིལ་མཚེའུའི་གནོད་གཡོལ་མང་ཚོགས་བཀོད་སྒྲིག་བྱེད་ཡུལ་དུ་འཚམས་འདྲི་གནང་།
  • དོ་སྣང་ཆེ་བའི་རྩོམ།