འབྲི་ཆུའི་འབབ་རྒྱུན་བཀག་པ་ཁ་སང་ཕྱི་དྲོར་རང་འབབ་ཐུབ་པ་བྱུང་།

མཁས་མིང་པས་བསྒྱུར།        2018-10-13

    སྤྱི་ཟླ10པའི་ཚེས12ཉིན་གྱི་ཕྱི་དྲོའི་ཆུ་ཚོད5དང་སྐར་མ40ཡས་མས་སུ་ཡུལ་དངོས་ནས་འབྱོར་བའི་གནས་ཚུལ་ལྟར་ན།   དཀར་མཛེས་ཁུལ་དཔལ་ཡུལ་རྫོང་དང་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གི་འབྲེལ་མཚམས་སུ་རི་ཉིལ་ནས་འབྲི་ཆུ་བཀག་སྟེ་བྱུང་བའི་ཆུ་བསྐྱིལ་མཚེའུ་རང་བྱུང་ངང་བཞུར་ཐུབ་པ་བྱུང་ཞིང་། མིག་སྔར་བཞུར་ཚད་སྐར་ཆ་རེར་རྒྱ་དཔངས་གྲུ་བཞི་ལྔ་ནས་དྲུག་ལ་སླེབས་ཏེ་ཆུ་བསྐྱིལ་ནས་མཚེའུ་གྱུར་པ་དེ་རིམ་བཞིན་རང་བྱུང་ཆུ་རྒྱུན་ལྟར་བཞུར་ཐུབ་པར་གྱུར་བཞིན་ཡོད་པ་རེད།

འབྲི་ཆུའི་འབབ་རྒྱུན་བཀག་པ་ཁ་སང་ཕྱི་དྲོར་རང་འབབ་ཐུབ་པ་བྱུང་།

ཡུལ་དངོས་ནས་ཆེད་ལས་མཁས་པས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཟླ10པའི་ཚེས13ཉིན་གྱི་སྔ་དྲོའི་ཆུ་ཚོད9པའི་ཡས་མས་ནས་འབྲི་ཆུ་བཀག་པའི་ཆུ་བསྐྱིལ་མཚེའུ་ཡི་གཡས་འགྲམ་གྱི་འགག་སྒོ་ཡོངས་སུ་གཏོར་ནས་ཆུ་བོ་ལང་ལོང་དུ་བཞུར་ཐུབ་སོང་བ་དང་། བཞུར་ཚད་སྐར་ཆ་རེར་རྒྱ་དཔངས་གྲུ་བཞི་མ5000 ཡས་མས་སུ་སླེབས་པས་ཆུ་བསྐྱིལ་གྱི་དཔངས་ཚད་སྨི20ལྷག་ཇེ་དམའ་རུ་སོང་བ་རེད།


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་སླར་ཡང་བླང་བྱ་འདི་འདྲ་བཏོན་སོང་།
  • ལེ་ཚན་རྗེས་མ།:ཞིང་ཆེན་དམངས་སྲིད་ཐིང་གིས་ཉེན་སེལ་ལས་དོན་ཚོ་ཆུང་མངགས།
  • དོ་སྣང་ཆེ་བའི་རྩོམ།