ལིའུ་ཁྲེང་མིང་གིས་སླར་ཡང་བླང་བྱ་འདི་འདྲ་བཏོན་སོང་།

མིག་དམར་གྱིས་བསྒྱུར།        2018-10-13

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་བ10པའི་ཚེས12 ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་གཡོལ་རོགས་སྐྱོབ་དང་ཉེན་ཁ་མྱུར་སེལ་གྱི་བབ་བསྟུན་ལས་དོན་ལ་བླང་བྱ་བཏོན་པ་རེད།

ལིའུ་ཁྲེང་མིང་གིས་སླར་ཡང་བླང་བྱ་འདི་འདྲ་བཏོན་སོང་། 


     ལིའུ་ཁྲེང་མིང་གིས་བླང་བྱ་བཏོན་དོན། དཔལ་ཡུལ་དང་འབའ་ཐང་། སྡེ་རོང་རྫོང་གསུམ་གྱི་མཐའ་གཅིག་ཏུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་ཀྱིས་མཆན་བཀོད་མཛུབ་སྟོན་གནང་བ་དེ་དོན་འཁྱོལ་ལེགས་པོ་བྱས་ཏེ་འཕྱུགས་པ་གཏན་ནས་མེད་པ་བྱ་དགོས།  ཉེན་གཡོལ་ལས་ཀའི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏང་དགོས་པ་ལས་སྣང་མེད་བྱ་མི་རུང་། གནོད་འཚེའི་གནས་ཚུལ་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱས་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་དགོས། མང་ཚོགས་ཀྱི་སེམས་ཁམས་ལ་ཁྲིད་སྟོན་ཡག་པོ་བྱེད་པ་དང་རྒྱུན་ལྡན་གྱི་འཚོ་བའི་དགོས་མཁོ་ལ་འགན་སྲུང་ལེགས་པོ་བྱས་ཏེ་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱ་དགོས། དོན་དངོས་དང་བསྟུན་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་སེལ་འཆར་གཞི་གཏན་འབེབས་བྱ་དགོས་པ་དང་། ཞོར་ཐོན་གནོད་འཚེ་འབྱུར་བར་སྔོན་འགོག་བྱས་ཏེ། མིའི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་དགོས། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་ཀ་ལེགས་པར་སྒྲུབ་པ་དང་གནས་ཚུལ་གསར་ཤོས་དུས་ཐོག་ཏུ་འཚོལ་བསྡུ་དང་ཁོང་དུ་ཆུད་པར་བྱས་ཏེ་ཆ་འཕྲིན་ཐོགས་པ་མེད་པར་གཏོང་ཐུབ་པ་འགན་ལེན་ཏན་ཏིག་བྱ་དགོས། ཆུ་ཚོད24རིང་ལས་རེས་ནན་པོ་བྱེད་པ་དང་ཞིང་ཆེན་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལ་བརྩི་བཀུར་བྱེད་པ་དང་། ཧུར་བརྩོན་དང་མ་བསྐུལ་དང་བླངས་ངང་ལས་ཀ་ཁག་དོན་འཁྱོལ་ཡག་པོ་བྱ་དགོས། 

  • ལེ་ཚན་སྔོན་མ།:ཞིང་ཆེན་རྒྱུན་ཨུའི་གྲོས་ཚོགས་སུ་སྔར་ལྷག་གིས་འབྲི་ཆུའི་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་ཉེན་ཁ་འཕྲལ་སྐྱོབ་དང་བབ་བསྟུན་མྱུར་སེལ་ལས་ཀར་ཞིབ་འཇུག་བཀོད་སྒྲིག་གནང་།
  • ལེ་ཚན་རྗེས་མ།:འབྲི་ཆུའི་འབབ་རྒྱུན་བཀག་པ་ཁ་སང་ཕྱི་དྲོར་རང་འབབ་ཐུབ་པ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།