གསེར་ཐར་རྫོང་གི་དགོན་པ་ཡོངས་ཀྱིས་རྒྱལ་སྟོན་ལ་རྟེན་འབྲེལ་ཞུས།

ལས་ཞོར་གསར་འགོད་པ་ཀུན་དབང་་།        2018-10-10

རྒྱལ་སྟོན་དུས་ཆེན་སྐབས་སུ། གསེར་ཐར་རྫོང་གི་ལྔ་རིག་ནང་བསྟན་སློབ་གླིང་དང་། བླ་རུང་དགོན་པ་བཅས་དགོན་ཁག29ཡིས་རྒྱལ་དར་བསྒྲེངས་བ་དང་དབུ་ཁྲིད་གྱི་འདྲ་པར་འཕྱར་བ་བཅས་བྱས་ནས་ཏང་དང་རྒྱལ་ཁབ། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོ་བཅས་ལ་དགའ་ཞེན་མཚོན་པ་རེད།

གཟི་མདངས་ལྡན་པའི་སྐར་ལྔའི་རྒྱལ་དར་འོག་ནས། ཁུལ་ཨུའི་རྒྱུན་ཨུ། གསེར་ཐར་རྫོང་ཨུའི་ཧྲུའུ་ཅི་ཧོ་པུའེ་ཡིས《ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས།》 《ཆོས་ལུགས་ལས་དོན་སྲོལ་ཡིག 》《རྒྱལ་དར་བཅའ་ཁྲིམས》སོགས་སྒྲོག་འགྲེལ་བྱས་ནས། གྲྭ་བཙུན་གྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། སྔར་ལས་རང་རྟོགས་སྒོས་ཏང་གི་དྲིན་གོ། ཏང་གི་དྲིན་གཟོ། ཏང་གི་བཀའ་ཉན། ཧུར་ཐག་སྒོས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཕྲོད་མཐུན་ཡོང་བ། རྒྱལ་དར་བསྒྲེངས་བ། རྒྱལ་དར་སྲུང་སྐྱོང་། རྒྱལ་ཁབ་དང་མི་དམངས་ལ་སྲུང་སྐྱོང། སྡོམ་སྲུང་སྒོམ་རྒྱག་སོགས་བྱེད་པའི་ཁྲིམས་མཐུན་སྤྱི་དམངས། ཚད་མཐུན་གྲྭ་བཙུན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།


དྲིན་གཟོ་དགོས། དྲིན་གཟོ་དགོས། ཏང་གི་དབུ་ཁྲིད་དང་ཐུགས་ཁུར་བཅས་ཀྱི་འོག་ནས་ང་ཚོའི་ཏང་དང་འགྲོགས་པའི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་འགྱུར། ང་ཚོས་སྔར་ལས་ཀྱང་ཏང་དང་རྒྱལ་ཁབ། མི་དམངས། མི་རིགས་མཐུན་སྒྲིལ། ནང་བསྟན་བཅས་ལ་དགའ་ཞེན་བྱས་ནས། བློ་བརྟན་འགྱུར་མེད་སྒོས་བཅའ་ཁྲིམས་བརྩི་སྲུང་། སྡོམ་ཁྲིམས་དམ་སྲུང་། རྒྱལ་ཁབ་དང་མི་དམངས། ནང་བསྟན་བཅས་ལ་འགན་ཁུར་བྱེད་པའི་གྲྭ་བཙུན་ཞིག་བྱ་དགོས་ཞེས་དབུ་ཚབ་དགོན་པའི་ཆོས་ཀྱི་ཉི་མས་དེ་ལྟར་ཟེར།  


ཏང་གི་རྒྱལ་ཁབ་ཀྱི་ཐུགས་ཁུར་འོག ང་ཚོའི་དགོན་པར་ཆུ་དང་གློག། ལམ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ནས་འཚོ་བར་སྟབས་བདེ་བསྐྲུན་ཡོད། ད་དུང་ས་གཤིས་གནོད་རྐྱེན་སོགས་བཅོས་སྐྱོང་བྱས་ནས་ཉེན་ཁ་མེད་པར་བྱས། དགེ་སྒྲུབ་སྡོམ་རྒྱག་བྱས་པར་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་ཆོས་ལུགས་སྒྲིག་སྲོལ་ཀྱང་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་བཞིན་འདུག་ཅེས་བསྟན་རྒྱས་དགོན་པའི་འཇིགས་མེད་ཕུན་ཚོགས་ཀྱིས་དགོན་པའི་འགྱུར་ལྡོག་མཐོང་རྗེས་དེ་ལྟར་བཤད།


ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་བཟུང་། གསེར་ཐར་རྫོང་གིས་ཤུགས་ཆེན་སྒོས་དགོན་པའི་འཛུགས་སྐྲུན་ལྔ་ལག་བསྟར་བྱས་ནས་དགོན་པའི་གཞི་རྩའི་སྒྲིག་ཆས་དང་སྤྱིའི་ཞབས་ཞུ་ཆ་རྐྱེན་ལེགས་བཅོས་བྱས་ཡོད། 


  • ལེ་ཚན་སྔོན་མ།:ཀོང་ཏུང་གིས་རང་ཁུལ་ཐོན་ལས་འབྲེལ་མཐུད་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:མི་མེད་གནམ་གྲུས་གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལ་སྐོར་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།