ཀོང་ཏུང་གིས་རང་ཁུལ་ཐོན་ལས་འབྲེལ་མཐུད་ལ་ཁ་གཏད་རོགས་སྐྱོར་བྱས་པའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་དར་མདོར་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2018-10-10

  སྤྱི་ཟླ9པའི་ཚེས21ནས22ཉིན་གྱི་བར།  ཀོང་ཏུང་ཞིང་ཆེན་ཚོང་དོན་ཐིང་གི་སྐོར་ཞིབ་པ་གཞོན་པ་ཁྲེན་ཧུའུ་ཡིས་ཀོང་ཏུང་ཞིང་ཆེན་གྱི་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་ཀོང་ཏུང་ཚོང་དོན་ལས་རིགས་མཐུན་ཚོགས་ཀྱི་འགན་འཁུར་བ།  ཁེ་ལས་ཀྱི་འགན་འཁུར་བ་བཅས་སྣེ་ཁྲིད་བྱས་ཏེ་རང་ཁུལ་དར་མདོ་གྲོང་ཁྱེར་གྱི་ངུར་པའི་ཐང་རྒྱ་བོད་སྨན་ལས་ལྡུམ་ཁུལ་དང་ཕག་མོ་རི་བོ། བུ་རྫི་ཚ་ཆུ།  ཁྲེང་ཏུའུ་དང་དཀར་མཛེས་བཟོ་ལས་ལྡུམ་ཁུལ་བཅས་སུ་ཕྱིན་ནས་མ་དངུལ་འཇོག་པའི་སྐོར་གྱི་རྟོག་ཞིབ་བྱས་པར་མ་ཟད།  རང་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་དང་ཐོན་ལས་འབྲེལ་མཐུད་ཀྱི་ཁ་གཏད་རོགས་སྐྱོར་བྱས་པའི་ཉམས་མྱོང་སྤེལ་རེས་ཚོགས་འདུ་འཚོགས་ནས་སྒྲོམ་གཞིའི་མཉམ་ལས་ཀྱི་གྲོས་ཡིག་བཞག་པ་རེད། ཁུལ་ཨུའི་རྒྱུན་ཨུ།  ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི།  ཁུལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཐན་ཞའོ་ཀྲེང་ཚོགས་འདུར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ་བ་རེད།  ཁོང་གིས་ཁྲེན་ཧུའུ་དང་བཅས་པས་རང་ཁུལ་དུ་རྟོག་ཞིབ་དང་སྒྲོམ་གཞིའི་མཉམ་ལས་གྲོས་ཡིག་བཞག་པ་ནི་ཀོང་ཏུང་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱིས་མཉམ་དུ་སི་ཁྲོན་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ཐད་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱས་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ།  ཀོང་ཏུང་ཚོང་དོན་སྡེ་ཚན་དང་ཕུལ་བྱུང་ཁེ་ལས་ཀྱིས་དཀར་མཛེས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བ་ཞིག་ཀྱང་རེད་ཅེས་གསུངས་པ་རེད།

 ཁྲེན་ཧུའུ་ཡིས་ཀོང་ཏུང་གིས་མ་དངུལ་དང་ལག་རྩལ།  ཤེས་ལྡན་མི་སྣའི་ཐད་མཐུན་རྐྱེན་འདོན་སྤེལ་གང་ལེགས་དང་ཐོན་ལས་ཐད་རོགས་སྐྱོར་བྱས་པར་བརྒྱུད།  དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ནུས་པ་ཇེ་ཆེ་རུ་གཏང་བ་དང་།  ས་ཆ་གཉིས་པོའི་ཁེ་ལས་མཁས་ཅན་བར་ཕན་ཚན་ཤེས་རྟོགས་སྔར་བས་ཇེ་ཟབ་དུ་བཏང་ནས་གཉིས་ཕན་མཉམ་ལས་དང་རང་ངོས་བསྡུར་གཞི་ཡོད་པའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ།  མ་དངུལ་འཇོག་ཡུལ་རྒྱུན་མི་ཆད་པར་ཇེ་ཆེ་རུ་གཏོང་བ་དང་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་དམ་ཟབ་བྱས་ནས་ཐུན་མོང་ཐོག་དཀར་མཛེས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་རྒྱུན་མི་ཆད་པར་གཏང་དགོས་པའི་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:རྒྱལ་སྟོན་གསེར་གྱི་གཟའ་འཁོར་རིང་ལ་རང་ཁུལ་དུ་ཡུལ་སྐོར་འཁྲུག་ཆ་ཤིན་ཏུ་ཆེ།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གི་དགོན་པ་ཡོངས་ཀྱིས་རྒྱལ་སྟོན་ལ་རྟེན་འབྲེལ་ཞུས།
  • དོ་སྣང་ཆེ་བའི་རྩོམ།