ཉག་རོང་རྫོང་གིས་རིག་གནས་ཚོང་ར་དག་བཅོས་བྱས།

ཀུན་དགས་བསྒྱུར།        2018-09-18

    ཉེ་ཆར། ཁུལ་གཡེམ་འཇོམས་ལོག་རྡུང་ལས་སྒྲུབ་ཚོ་ཆུང་གིས་ཉག་རོང་རྫོང་གི་མངའ་ཁོངས་སུ་ལག་འཁྱེར་ཁ་པར་ཚོང་ཁང་དང་བསྐྱར་པར་ཁང་། ལམ་འགྲམ་གྱི་ཚོང་ཁང་། དྲྭ་ཁང་སོགས་ཚོང་ཁང10ལྷག་གིས་སྒྲིག་སྲོལ་དང་འགལ་ནས་གླུ་གཞས་དང་པར་རིས། བརྙན་པར་སོགས་ཕབ་ཡོད་མེད་དང་། སྒྲིག་སྲོལ་ལས་འགལ་ཏེ་པར་རྒྱག་པ་དང་བསྐྱར་དཔར་རྒྱག་པ་བཅས་ཡོད་མེད། མེ་ཟོན་བདེ་འཇགས་ཀྱི་ཡོ་བྱད་སྒྲིག་སྦྱོར་བྱས་ཡོད་མེད། ལོ་ནར་མ་སོན་པའི་སློམ་མ་སོགས་དྲྭ་ཐོག་ལ་ཞུགས་ཡོད་མེད་བཅས་ཀྱི་སྐོར་ལ་ཞིབ་བཤེར་བྱས་པ་རེད།

   ཆེད་དོན་ཁྲིམས་བསྟར་ཞིབ་བཤེར་བྱེད་རིང་ལས་དོན་ཚོ་ཆུང་གིས་ཁྲིམས་འགལ་ཅུང་ཡང་བའི་ཚོང་ཁང་ལ་འཕྲལ་དུ་བཅོས་སྒྲིག་བྱ་རྒྱུའི་བླང་བྱ་བཏོན་པ་དང་ཁྲིམས་འགལ་ཚབས་ཆེན་གྱི་ཚོང་ཁང་ལ་གྱོད་དོན་ཐོ་འགོད་བྱས་ཏེ་ཆད་པ་བཅད་ནས་ཁྲིམས་འགལ་གྱི་འོད་སྡེར་ཁྱོན་བསྡོམས51གཞུང་བསྡུས་བྱས་པ་རེད།

   ཉེ་བའི་ལོ་ཤས་རིང་ཉག་རོང་རྫོང་གིས་རིག་གནས་ཚོང་ར་དག་ཐེར་བཅོས་སྐྱོང་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱས་ཏེ་ཐབས་ཤེས་སྣ་མང་གི་སྒོ་ནས་དངོས་པོ་རྐུ་འཁྱེར་དང་པར་གཟུགས་དཔེ་དེབ་པར་གཞི་རྐུ་རྒྱག སློབ་གྲྭ་ཆུང་འབྲིང་གི་ཁྲིད་དེབ་དང་སྨན་བཅོས་རིགས་སོགས་ཀྱི་བརྡ་ཁྱབ་ཁྲིམས་འགལ་གྱིས་དཔེ་སྐྲུན་བྱས་པར་རྡུང་རྡེག་བཏང་ནས་རིག་གནས་ཀྱི་ཚོང་རའི་ཁོར་ཡུག་བཟང་པོ་ཞིག་གཏོད་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:གངས་ཐིག་མཚམས་སུ་རྒྱུ་བའི་སྦྲག་སྲིད་ཁ་ལོ་བ་འཆི་མེད་རྡོ་རྗེ།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས་ནག་ཚོགས་ཁུངས་སྣེ་འདོན་སྤྲོད་བྱེད་མཁན་ལ་ཆེས་མཐོའི་བྱ་དགའ་སྒོར་ཁྲི5སྤྲད་རྒྱུའི་ནང་རྐྱེན་བཙུགས།
  • དོ་སྣང་ཆེ་བའི་རྩོམ།