ཡེ་ཤེས་ཀྱིས་བསྒྱུར། 2018-08-28
ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་སྤྱི་ཟླ8པའི་ཚེས9ཉིན་འབྱོར་བའི་གཏམ་གསར། སི་ཁྲིན་ཞིང་ཆེན་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལོ་འཁོར་ནང་ཞིང་ཆེན་ཡོངས་ཀྱི་གཞུང་བཙུགས་སྨན་བཅོས་ལས་ཁུངས་ཀྱིས་སྨན་སྤྱོད་ཡོ་བྱད་ཀྱི་ཟད་གྲོན་མ་རྩ་བསྣན་རྒྱུ་ཚང་མ་མེད་པར་བཟོས་པ་དང་། སྨན་སྤྱོད་ཡོ་བྱད་ཀྱི་ཟད་གྲོན་མ་རྩ་མི་བསྣན་པའི་ཐོག་ནས་སྨན་རྫས་ཕྱིར་འཚོང་བྱ་རྒྱུའི་དུས་མཉམ་དུ་སི་ཁྲོན་གྱིས་ད་དུང་ཁ་གསབ་བྱ་རྒྱུའི་ནང་རྐྱེན་གསར་པ་འཛུགས་རྒྱུ་དང་། སྨན་བཅོས་ཞབས་ཞུའི་རིན་གོང་ལེགས་སྒྲིག་བྱས་ཏེ། གཞུང་བཙུགས་སྨན་བཅོས་ལས་ཁུངས་དེ་འཁོར་སྤྱོད་བཟང་པོ་བྱེད་ཐུབ་པ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩས་ཐེག་ཐུབ་པ། མང་ཚོགས་ཀྱི་སྤྱིའི་ཁུར་པོ་མི་འཕར་བ་འགན་ལེན་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གཞུང་བཙུགས་སྨན་བཅོས་ལས་ཁུངས་ཀྱིས་སྨན་སྤྱོད་ཡོད་བྱད་ཀྱི་ཟད་གྲོན་མ་རྩ་བསྣན་པ་དེ་མེད་པར་བཟོས་རྗེས། ས་གནས་ཁག་གིས་སྨན་སྤྱོད་ཡོད་བྱད་ཀྱི་ཟད་གྲོན་དང་སྨན་བཅོས་ཞབས་ཞུའི་རིན་གོང་ལ་ཆེད་དོན་ཞིབ་བཤེར་བྱེད་པའི་བྱེད་སྒོ་སྤེལ་བར་སྒྲིག་འཛུགས་བྱ་རྒྱུ་དང་། རྒྱུན་ལྡན་དུ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བརྒྱབ་པ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་པ། སྨན་བཅོས་ཀྱི་རིན་གོང་ཐེར་འདོན་ཞུ་གཏུག་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། སྲིད་ཇུས་ཁག་ལག་བསྟར་གནད་འཁེལ་བྱེད་ཐུབ་པར་ཁག་ཐེག་ནན་པོ་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོར་སི་ཁྲོན་ཞིང་ཆེན་གྱིས་གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་གི་སྨན་རྫས་ཀྱི་བསྣན་གྲུབ་གྲངས་མེད་པར་བཟོས་པ་དང་། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་འགྲོ་གྲོན་དམའ་རུ་གཏོང་བ། སྨན་བཅོས་ཞབས་འདེགས་ཀྱི་རིན་གོང་གསལ་པོ་བྱེད་པ། སྨན་བཅོས་འགན་བཅོལ་ལམ་ལུགས་ཀྱི་གཏོང་སྤྲོད་བྱེད་སྟངས་འཐུས་ཚང་དུ་གཏོང་བ་བཅས་གོམ་སྟབས་མཉམ་བུ་བཞིའི་བཅོས་བསྒྱུར་ལག་བསྟར་བྱེད་འགོ་བཙུགས་ཡོད། སི་ཁྲོན་གྱིས་སྨན་བཅོས་ཞབས་ཞུའི་རིན་གོང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་ལྟར། 2020ལོར་སླེབས་ཚེ་གཞི་རྩའི་ཐོག་སྨན་བཅོས་ཞབས་ཞུའི་རིན་གོང་བསྡུར་ཚད་གསལ་པོ་བྱ་ཐུབ་རྒྱུ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10