མང་ཚོགས་དང་ཉེ་བར་བཅར་ནས་སྲིད་ཇུས་སྒྲོག་འགྲེལ་བྱས།

དབྱངས་ཅན་གྱིས་བསྒྱུར།        2018-08-08

   གཞི་རིམ་གྱི་མང་ཚོགས་ཁྲོད་དུ་ཕྱིན་ནས་དམིགས་བསལ་གྱི་ཡིག་སྒྱུར་བ་བྱེད།

   སྒྲོག་འགྲེལ་པ་རང་ཤེས་རིག་པས་ཕ་སྐད་གཙང་མའི་ཐོག་ནས་མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས། ཡུལ་མི་ཨོ་རྒྱན་རང་འགྲུབ་ཀྱིས་སེམས་འགུལ་ཐེབས་པའི་ངང་འདི་ལྟར་སྒྲོག་འགྲེལ་བྱས་ན་ང་ཚོས་སྲིད་ཇུས་དེ་བས་མང་པོ་ཤེས་ཐུབ་ངེས་རེད་ཅེས་བཤད།

   ཉེ་འགྲམ་དུ་སྒྲོག་འགྲེལ་པ་དཀོན་མཆོག་སྒྲོལ་མས་ཡུལ་མི་སྤུན་ཟླ་ཚོ་དང་མཉམ་དུ་ཁ་བརྡ་ལབ་ནས། ཁྱིམ་མི་མང་ཉུང་དང་། ལོ་རེའི་ཡོང་འབབ་། ནམ་རྒྱུན་ཞིང་ལས་བྱེད་པར་ཕུད་ད་དུང་རོལ་རྩེད་བྱེད་སྒོ་ནང་ཞུགས་མིན་སོགས་ཀྱི་གནས་ཚུལ་སྐོར་འདྲི་རྟོགས་བྱེད་ཞོར་མི་སེར་ཚོ་དང་བསམ་འཆར་བརྗེ་རེས་བྱས་ཏེ། དམིགས་སའི་རང་བཞིན་གྱི་དོགས་གནད་སེལ་ཏེ་གྲོང་མི་ཚོར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྟོགས་ཐུབ་པ་བྱས།

   གྲོང་མི་ཡོངས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད།

   ཚིག་ཉུང་ལ་དོན་ཟབ་པའི་ནང་དོན་ཇུས་འགོད་བྱས་ཏེ་ཐེངས་འདིར་གཞི་རིམ་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དེས་མང་ཚོགས་ཀྱི་ཡིད་དབང་འཕྲོག་ནས་དགོད་སྒྲ་དང་ཐལ་སྒྲས་ཁེངས་བཞིན་པ་རེད།

    མང་ཚོགས་འགའ་ཞིག་གིས་དབུལ་ཐར་འགག་སྒྲོལ་ནི་སྲིད་གཞུང་གི་བྱ་བ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ད་ཡོད་ཀྱི་གནས་ཚུལ་འཕོ་འགྱུར་གཏོང་བར་འབད་བརྩོན་བྱེད་སྙིང་མི་སྤྲོ་བ་རེད། ཨ་མདོའི་ཁ་སྐད་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་།སྐབས་འགའ་ད་དུང་བོད་པའི་གཏམ་རྒྱུད་ཀྱི་ཐོག་ནས་གནས་ལུགས་བཤད་ནས་གྲོང་མི་ཚོས་བསྟོད་བསྔགས་ཡང་ཡང་བྱེད་བཞིན་པ་རེད།

   གསེར་ཁ་ཤང་དུ་གྲོང་མི་ཚོས་ཕན་ཚུན་དྲི་བ་འདོན་རེས་བྱེད་བཞིན་པར་མ་ཟད། ད་དུང་གཅིག་རྗེས་གཉིས་མཐུད་དུ་དྲི་བ་བཏོན་ནས་སྒྲོག་འགྲེལ་པར་འགྲེལ་བཤད་རྒྱག་བཅུག་པ་རེད།

   གྲོང་མི་ཚོས་མ་སྐུལ་དང་བླངས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་བཞིན་པ་དང་། དགེ་བཤེས་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཧོ་ཕིང་གིས་དགའ་སྤྲོའི་ངང་ང་ཚོས་བརྙན་འཕྲིན་ཐོག་ནས་ཞིང་ཆེན་ཏང་ཨུའི་ཚང་འཛོགས་གྲོས་ཚོགས་ཀྱི་གསར་འགྱུར་དང་འབྲེལ་ཡོད་སྙན་ཞུར་བལྟས་ནས་སྲིད་ཇུས་གསར་པ་རྟོགས་ཐུབ་པ་བྱུང་ནའང་། གང་ལྟར་བྱས་ཏེ་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱ་རྒྱུ་ནི་མི་སེར་མང་པོས་རང་ཉིད་དང་འབྲེལ་བ་མི་འདུག་བསམ་བཞིན་པ་རེད། སྔོན་མར་ང་ཚོའི་མཚན་མོའི་སློབ་གྲྭའི་ནང་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས་ཡོད། ད་ལྟར་སྒྲོག་འགྲེལ་བྱས་པའི་ཕན་འབྲས་དེ་བས་ཡག་པོ་དང་གོ་བ་དེ་བས་ཟབ་མོ་ལོན་ཐུབ་པས། ང་ཚོས་ཕྱིན་ཆད་ཀྱི་འཕེལ་རྒྱས་ལ་དེ་བས་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

   འདབ་པ་རྫོང་གི་སྒྲོག་འགྲེལ་བྱེད་སྒོས་ནང་གནས་སྒུལ་ཤུགས་ལ་སྐུལ་མ་བཏང་།

   སྤྱི་ཟླ7པའི་ཚེས31ཉིན་གྱི་སྔ་དྲོར། ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པ་གྲོང་གསེབ་ཏུ་བཤམས་སྐྱེལ་བྱེད་པའི་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་དང་བཅའ་ཁྲིམས་ཕྱོགས་བདུན་ལ་སྤེལ་བའི་ཁུལ་རིམ་པའི་སྒྲོག་འགྲེལ་ཐེངས་བརྒྱ་གཞི་རིམ་དུ་སྤེལ་བའི་བྱེད་སྒོ་དེ་འདབ་པ་རྫོང་ལུས་རྩལ་ཁང་དུ་སྤེལ་ནས།རྫོང་དེའི་ཞིང་འབྲོག་མང་ཚོགས་མི་གྲངས་སྟོང་ཙམ་གྱིས་སྒྲོག་འགྲེལ་ལ་ཉན་པ་རེད།

   སྒྲོག་འགྲེལ་ཚོགས་པའི་དགེ་རྒན་ཚོས་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ལ་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལ་གནང་བའི་བཀའ་སློབ་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་། དུས་རབས་གསར་པ་དང་འགན་འཁྲི་གསར་པ། བྱས་རྗེས་གསར་པ་བཅས་ཀྱིས་ཞིང་ཆེན་ཏང་ཨུའི་ཐབས་ཇུས་ཀྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས་པ་རེད།

   སྒྲོག་འགྲེལ་མཇུག་སྒྲིལ་རྗེས། ཞིང་འབྲོག་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་ད་ལྟའི་གནས་བབ་བཟང་པོ་དང་སྲིད་ཇུས་བཟང་པོའི་འོག རང་ཉིད་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་དང་། ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཁུལ་ཨུ་དང་རྫོང་ཨུ་བཅས་ཀྱིས་འགོ་ཁྲིད་གནང་འོག མཛེས་སྡུག་སྐྱེ་ཁམས་དང་། གསར་སྐྲུན་སྒོ་འབྱེད། དར་རྒྱས་ཕུན་སུམ་ཚོགས་པའི་འདབ་པ་གསར་པ་བསྐྲུན་ཐུབ་པར་རང་ཉིད་ཀྱི་ནུས་པ་འདོན་རྒྱུ་ཡིན་ཞེས་བཤད་པ་རེད།། 


  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་ཡིས་ཁུལ་རིམས་འགོག་ཚོད་འཛིན་ལྟེ་གནས་སུ་རྟོག་ཞིབ་གནང་དུས་རིམས་འགོག་དཔུང་སྡེ་ཡག་པོ་བཙུགས་ནས་སྤྱི་པའི་འཕྲོད་བསྟེན་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས་གསུངས།
  • ལེ་ཚན་རྗེས་མ།:འདབ་པ་རྫོང་དཔྱིད་རེས་གྲོང་སྡེས་གསོ་སྤེལ་ལས་རིགས་འཕེལ་རྒྱས་བཏང་ནས་དབུལ་ཐར་ཡོང་རོགས་བྱས།
  • དོ་སྣང་ཆེ་བའི་རྩོམ།