ཞའོ་ཡིའུ་ཚའེ་ཡིས་ཁུལ་རིམས་འགོག་ཚོད་འཛིན་ལྟེ་གནས་སུ་རྟོག་ཞིབ་གནང་དུས་རིམས་འགོག་དཔུང་སྡེ་ཡག་པོ་བཙུགས་ནས་སྤྱི་པའི་འཕྲོད་བསྟེན་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས་གསུངས།

སྐལ་ཐུབ་ཀྱིས་བསྒྱུར།        2018-08-08

   སྤྱི་ཟླ8པའི་ཚེས2ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཁུལ་རིམས་འགོག་ཚོད་འཛིན་ལྟེ་གནས་སུ་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ལས་ཀར་རྟོག་ཞིབ་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཁུལ་རིམས་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ཆེད་ལས་ལག་རྩལ་ཡག་པ་དང་ལས་བྱེད་ཤེས་ལྡན་མི་སྣ་འཇོན་པ། ལས་ཀའི་ཁོར་ཡུག་ཡག་པ་བཅས་ཀྱི་མཐུན་རྐྱེན་ལེགས་པོ་འདོན་སྤེལ་བྱས་ཏེ་འཕྲོད་བསྟེན་བབ་བསྟུན་ཐག་གཅོད་ནུས་པ་འཛུགས་སྐྱོང་དང་། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ནུས་པ་འཛུགས་སྐྱོང་། ཚོད་ལྟ་ཁང་གི་ལྟ་ཞིབ་ཚད་ལེན་གྱི་ནུས་པ་འཛུགས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་ཞིང་ཚད་ལྡན་ཅན་གྱི་དོ་དམ་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རིམས་འགོག་དཔུང་སྡེ་ཡག་པོ་ཁག་ཅིག་བཙུགས་ནས་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་ཀར་བྱས་རྗེས་གསར་པ་གཞག་དགོས།

   ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་རྟོག་ཞིབ་ཁྲོད་དུ་ཞུགས་ཤིང་སྙན་སེང་གྲོས་ཚོགས་སུ་ཞུགས།

   ཞའོ་ཡིའུ་ཚའེ་ཡིས་ཕྱིན་ཆད་རིམས་ནད་ཚོད་འཛིན་ལས་ཀ་ཇི་ལྟར་བསྒྲུབ་པའི་སྐོར་ལ་ཐུགས་རེ་གསུམ་བཏོན་པ་སྟེ། གཅིག་ནི་རིམས་ནད་ཚོད་འཛིན་དཔུང་སྡེ་སྟོབས་དང་ལྡན་པ་ཞིག་བསྐྲུན་ཞིང་སྣེ་ཁྲིད་ཡག་པོ་བྱ་དགོས། གཉིས་ནི་ཆེད་ལས་ཀྱི་ལྟ་ཞིབ་ཚད་ལེན་ལས་འགན་ཡག་པོ་བསྒྲུབ་དགོས། གསུམ་ནི་བབ་བསྟུན་འཕྲལ་སྒྲུབ་ཀྱི་ལས་ཀའི་གྲ་སྒྲིག་ཡག་པོ་བྱ་དགོས། 


  • ལེ་ཚན་སྔོན་མ།:ཡ་རབས་དར་སྲོལ་བཟང་པོ་ཡིས། མི་ལ་བརྩོན་པའི་ངར་ཤུགས་བསྐྱེད།
  • ལེ་ཚན་རྗེས་མ།:མང་ཚོགས་དང་ཉེ་བར་བཅར་ནས་སྲིད་ཇུས་སྒྲོག་འགྲེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།