ཁམ་བུའི་མེ་ཏོག་བཞད། མཛེས་སྡུག་རྣམ་པར་བཀྲ།

ཀུན་དགས་བསྒྱུར།        2018-04-12

   གསར་འགོད་པས་ཕྱག་ཕྲེང་རྫོང་ལ་ཆེན་གྲོང་སྡེ་ནས་འདབ་པའི་ཉི་སྟེན་གྲོང་སྡེའི་ལམ་རྒྱུད་དུ་མང་ཚོགས་ཀྱིས་རང་འགུལ་ངང་གཞུང་ལམ་གཡས་གཡོན་གྱི་རྩྭ་ལྡུམ་དང་གད་སྙིགས། བྱེ་མ། རྡོ་ཧྲུག་སོགས་གཙང་སེལ་བྱེད་བཞིན་པའི་རྣམ་པ་མཐོང་། མིག་སྔར། འདབ་པའི་ཉི་སྟེན་མཛེས་ལྗོངས་ཁུལ་དུ་ཧུར་བརྩོན་གྱིས་རྒྱལ་ཁབAལྔ་རིམ་པའི་ལྗོངས་ཁུལ་འཛུགས་སྐྲུན་བྱེད་བཞིན་ཡོད་ལ་ད་ལོར་འདབ་པ་རྫོང་དབུལ་ཞྭ་ཕུད་ཐུབ་དགོས་པ་རེད།

    ངེད་ཚགས་པར་ཁང་གི་གཞི་རིམ་དུ་བསྐྱོད་པའི་ལས་སྒྲུབ་ཡན་ལག་རུ་ཁག་འདབ་པ་རྫོང་དུ་བསྐྱོད་ཅིང་། གསར་འགོད་པས་འདབ་པའི་ཉི་སྟེན་མཛེས་ལྗོངས་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་མི་གྲངས14651གཅིག་རྗེས་གཉིས་མཐུད་ངང་འདབ་པའི་ཤམ་བྷ་ལའི་གྲོང་རྡལ་དུ་ཡོང་ནས་ཉི་སྟེན་མཛེས་ལྗོངས་ཁུལ་གྱི་འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས་ཀྱི་གནས་རི་སོགས་ལ་ལྟ་སྐོར་བྱས་པ་རེད། མཛེས་ལྗོངས་ལ་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་མུ་མཐུད་དེ་འཕར་བ་དང་ཕན་འབྲས་ལེགས་སུ་ཕྱིན་ཡོད་པ་རེད།

   རླངས་འཁོར་ལ་བསྡད་ན་ཤམ་བྷ་ལ་གྲོང་རྡལ་དང་བར་ཐག་སྐར་མ20ཙམ་ལས་མི་དགོས་པའི་འདབ་པ་རྫོང་འབུ་ཚང་ཤང་དུ་ཁམ་བུའི་མེ་ཏོག་བཞད་ཡོད་ཅིང་། དེ་ནའི་གྲོང་ཚོ་ཁག་ལ་དཔྱིད་ཀྱི་རྣམ་པས་ཡོངས་སུ་ཁེངས་ཡོད། ཤང་དེར་གསར་འགོད་པའི་མིག་ལམ་དུ་རྒྱལ་སྲུང་གཞུང་ལམ227པའི་འབུ་ཚང་ལམ་དུམ་དུ་ཨར་ལས་བྱེད་བཞིན་ཡོད་པས་འཕྲུལ་ཆས་ཀྱི་ལྡིར་སྒྲ་དང་ཐལ་རླུང་གིས་བར་སྣང་ཁེངས་བཞིན་པ་མཐོང་། འདབ་པ་རྫོང་གི་འབྲེལ་གཏུག་སྡེ་ཚན་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་སྲིད་གྲོས་གཞུང་ལས་ཁང་། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས། ཡིད་རྟོན་མཉམ་འབྲེལ་ཁང་དང་ཤང་གྲོང་འགན་གཙང་ལེན་བྱེད་མཁན་གྱི་ལས་བྱེད་པ། གཞི་རིམ་དུ་བསྐྱོད་པའི་ལས་བྱེད་པ་སོགས་གྲོང་ཚོ་ཁག་ལ་བཅའ་སྡོད་བྱས་ནས་གྲོང་མི་ཚོ་དང་མཉམ་ཟ་མཉམ་སྡོད་གྱིས་ངལ་རྩོལ་བྱེད་བཞིན་པའང་མཐོང་། རྫོང་དེའི་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་བྱེད་པ་དང་འདབ་པ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཀྲང་ཝང་ཧྥང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་སྲུང་གཞུང་ལམ227པའི་ཨར་ལས་གྲུབ་རྗེས། ཡུན་ནན་སེམས་ཀྱི་ཉི་ཟླ་དང་ས་དམ་ནས་འདབ་པ་ཉི་སྟེན་བར་སྐོར་ལམ་ཞིག་ཆགས་པས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཡོང་བ་དང་དབུལ་ཐར་ཡོང་བར་གནད་འགག་ཡོད་བ་མ་རེད། ཟླ་བ3པའི་ཚེས5ནས་བཟུང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་ཀྱང་གཅིག་རྗེས་གཉིས་མཐུད་ངང་འབུ་ཚང་ཤང་དུ་ཡོང་ནས་གྲོང་སྡེའི་ལེགས་བཅོས་ལྔ་དང་འཛུགས་སྐྲུན་གསུམ། གྲོང་བགྲོད་གཞུང་ལམ་དུད་ཚང་སོ་སོའི་སྒོ་ཁར་སྐྲུན་པའི་ཨར་ལས། གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་ནས་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་སྔར་ལྷག་གིས་ཤང་དེའི་དམངས་ཕན་ལས་གཞི་དོན་འཁྱོལ་ཡོང་བར་སྐུལ་འདེད་གང་ལེགས་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཕྱིན་ཆད་འདབ་པ་རྫོང་གིས་འདབ་པའི་མིག་དཔེ་ཞེས་པའི་མ་ལག་འཛུགས་སྐྱོང་གི་ལག་བསྟར་ཇུས་གཞི་སྤེལ་ནས་ཀུན་སྤྱོད་དཔེ་བཟང་དང་ཆེས་བཟང་མི་སྣ། ཉེ་འགྲམ་གྱི་མི་བཟང་དཔྱད་འདེམས་བྱ་རྒྱུ་ཡིན་པ་དང་། སྤྱི་ཕན་བརྡ་སྦྱོར་དྲིལ་བསྒྲགས་རྒྱུན་མཐུད་ངང་སྤེལ་བར་སྐུལ་འདེད་གཏོང་བ་དང་ཡ་རབས་འགྲིམ་འགྲུལ་བྱ་སྤྱོད། ཡ་རབས་ཡུལ་སྐོར་བྱ་སྤྱོད་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཤེས་དཔལ་ལྡན་པ་དང་སྤྱོད་པ་བཟང་བ། སྒྲིག་སྲོལ་བརྩི་སྲུང་བྱེད་པར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:འདབ་པ་གཞུང་ལམ་ཡན་ལག་དོ་དམ་ཅུས་ཀྱིས་སྤྱོད་གོ་མང་པོ་ཆོད་པའི་ཞབས་ཕྱི་ས་ཚུགས་ཐོག་མར་བཙུགས་ནས་ཡུལ་སྐོར་དང་འགྲིམ་འགྲུལ་སྦྲེལ་བའི་དུས་རབས་ལ་སྐྱོད་འགོ་ཚུགས།
  • ལེ་ཚན་རྗེས་མ།: ཉག་རོང་རྫོང་སྲིད་གྲོས་ཀྱིས་བརྟན་བརླིང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་། 
  • དོ་སྣང་ཆེ་བའི་རྩོམ།