འདབ་པ་གཞུང་ལམ་ཡན་ལག་དོ་དམ་ཅུས་ཀྱིས་སྤྱོད་གོ་མང་པོ་ཆོད་པའི་ཞབས་ཕྱི་ས་ཚུགས་ཐོག་མར་བཙུགས་ནས་ཡུལ་སྐོར་དང་འགྲིམ་འགྲུལ་སྦྲེལ་བའི་དུས་རབས་ལ་སྐྱོད་འགོ་ཚུགས།

ཡེ་མགོན་གྱིས་བསྒྱུར།        2018-04-12

    འདབ་པ་རྫོང་གསུམ་མདོ་ཞབས་ཕྱི་ས་ཚུགས་དེ་ལོ་གཅིག་རིང་ལ་འཛུགས་སྐྲུན་བྱས་པར་བརྒྱུད། ཉེ་ཆར་བཀོལ་སྤྱོད་བྱས་ནས་ཡུལ་སྐོར་དང་འགྲིམ་འགྲུལ་སྦྲེལ་བའི་དུས་རབས་གསར་པར་སྐྱོད་འགོ་ཚུགས་པ་རེད།

   ཞབས་ཕྱི་ས་ཚུགས་འདི་ནི་ཞིང་ཆེན་རིམ་པའི་གཞུང་ལམ216དང217པ་འཛོམས་སའི་ཉེ་འདབས་ཀྱི་གསུམ་མདོ་གྲོང་རྡལ་དུ་ཡོད་པ་རེད། ས་བཟུང་ཚད་རྒྱ་ཁྱོན་སྨི་གྲུ་བཞི་མ8000ཡོད་པའི་ལས་གཞི་འདིར་མ་དངུལ་སྒོ་ཁྲི989.6973གཏོང་འཇོག་བྱས་ཡོད་ཅིང་། ཞབས་ཕྱི་ས་ཚུགས་འདིས་སྒྲིག་བཀོད་གཅིག་གིས་ཕྱོགས་གཉིས་ལ་ཞབས་ཕྱི་བསྒྲུབས་ཏེ་ཞབས་ཕྱི་ས་ཚུགས་མདུན་རྒྱབ་ཀྱི་སྨི500ཡི་ལམ་ནང་ཕྱོགས་སྟོན་བྱང་བུ་དང་རྒྱུན་མཁོའི་བདག་སྐྱོང་། རྒྱུ་ཆས་གསོག་འཇོག འཕྲུལ་འཁོར་འཇོག་ས། འཕྲལ་སྐྱོབ་བྱེད་ཆས། སྟབས་བདེའི་ཞབས་ཕྱི་སྒྲུབ་ས་བཅས་སྒྲིག་ཆས་ཆ་ཚང་ཡོད་པའི་ཞབས་ཕྱི་ས་ཚུགས་ཤིག་བསྐྲུན་ཡོད་པར་བརྟེན། ཕྱིན་ཆད་འགྲོ་འོང་བྱེད་མཁན་གྱི་མི་ཚོར་ངལ་གསོ་ས་དང་དངོས་རྫས་ཁ་གསབ་བྱ་རྒྱུ། གཞུང་ལམ་གྱི་གནས་ཚུལ་འདྲི་རྟོག ཡུལ་སྐོར་གྲོས་དྲིས། མཛེས་ལྗོངས་ཀྱི་གནས་ཚུལ་རྒྱུས་ལོན་བྱ་རྒྱུ་སོགས་སྤྱོད་གོ་མང་པོ་ཆོད་པའི་ཞབས་ཕྱི་བསྒྲུབས་ནས་མི་ཚོ་འགྲོ་འོང་བྱེད་སྐབས་མཁོ་བའི་རེ་འདུན་དེ་བས་ཡག་པོ་བསྐང་ཐུབ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང(རྒྱས་འཛོམས་)ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ཁམ་བུའི་མེ་ཏོག་བཞད། མཛེས་སྡུག་རྣམ་པར་བཀྲ།
  • དོ་སྣང་ཆེ་བའི་རྩོམ།