རང་ཁུལ་གྱི་གྲོང་སྡེ374ལ2017ལོ་འཁོར་གྱི་ཁུལ་རིམ་པའི་ཡག་པོ་བཞིའི་གྲོང་སྡེའི་མཚན་སྙན་ཐོབ།

ཀུན་དགས་བསྒྱུར།        2018-03-08

     ཉེ་ཆར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས《 དར་མདོ་གྲོང་ཁྱེར་ཁུང་ཡུལ་ཤང་འོག་རི་གྲོང་སྡེ་སོགས་གྲོང་སྡེ374ལ2017ལོ་འཁོར་གྱི་ཁུལ་རིམ་པའི་ཡག་པོ་བཞིའི་གྲོང་སྡེའི་མཚན་སྙན་ཐོབ་པའི་སྐོར་གྱི་བརྡ་ཁྱབ།》འགྲེམས་གཏོང་བྱས། ཁུལ་ཡོངས་ཀྱི་གྲོང་སྡེ374ལ2017 ལོ་འཁོར་གྱི་ཁུལ་རིམ་པའི་ཡག་པོ་བཞིའི་གྲོང་སྡེའི་མིང་བྱང་བཏགས་པ་རེད།

   《 བརྡ་ཁྱབ》 ནང་བསྟན་དོན། ཡག་པོ་བཞིའི་གྲོང་སྡེ་བསྐྲུན་པ་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕྱོགས་གཉིས་དམ་འཛིན་བྱས་པ་དང་ཞིང་འབྲོག་མང་ཚོགས་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་ནང་སྐྱེས་སྒུལ་ཤུགས་ལ་སྐུལ་སྤེལ་གཏོང་བ་དང་། ཞིང་འབྲོག་ཁུལ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་ཤུགས་སྣོན། གྲོང་གསེབ་ བཅོས་བསྒྱུར། འཕེལ་རྒྱས། བརྟན་ལྷིང་བཅས་ཧྲིལ་པོར་སྐུལ་འདེད་གཏོང་བ་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་དང་བྱེད་ཐབས་གོ་ཆོད་ཅིག་ཀྱང་ཡིན་ཞིང་།  2017 ལོར། རིམ་པ་ཁག་དང་སྡེ་ཁག་སོ་སོས་ཞིང་ཆེན་དང་ཁུལ་རིམ་པའི་ཡག་པོ་བཞིའི་གྲོང་སྡེ་འཛུགས་སྐྲུན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་བྱ་གཞག་དར་རྒྱས་དང་ཁྱིམ་ཚང་འབྱོར་ཕྱུག  མི་རིགས་འཆམ་མཐུན།  གྲོང་སྡེ་མཛེས་འགྱུར་བཅས་ཀྱི་བླང་བྱ་ལྟར།  ཁང་པ་ཡག་པོའི་ནང་སྡོད་ཐུབ་པ་དང་འཚོ་བ་ཡག་པོ་རོལ་ཐུབ་པ། གོམས་གཤིས་བཟང་པོ་ལོབ་པ། དར་སྲོལ་བཟང་པོ་ཆགས་པ་བཅས་ཀྱི་ཡག་པོ་བཞིའི་གྲོང་སྡེ་བསྐྲུན་པའི་བྱེད་སྒོ་སྤེལ་ནས་ཞིང་འབྲོག་ཁུལ་གྱི་རྣམ་པ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་སྔོན་ཐོན་དཔེ་མཚོན་ཁག་ཅིག་ཐོན་པ་རེད།

   《བརྡ་ཁྱབ》ནང་ཁུལ་རིམ་པའི་ཡག་པོ་བཞིའི་གྲོང་སྡེའི་མིང་རྟགས་སྤྲད་པའི་གྲོང་སྡེས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་ཡང་ནས་ཡང་དུ་ཤུགས་བརྒྱབ་སྟེ་དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་། གྲོང་ཁྱེར་དང་རྫོང་། སྡེ་ཚན་ཁག་གིས་ཉམས་མྱོང་ཕྱོགས་བསྡོམས་དང་བྱེད་ཐབས་ཡག་པོ་སྤྱད་ནས་ཡག་པོ་བཞིའི་གྲོང་སྡེ་བསྐྲུན་བར་ཤུགས་བརྒྱབ་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:དཔྱིད་གསར་དུས་ཆེན་སྐབས་སུ་རང་ཁུལ་གྱིས་ཡུལ་སྐོར་བ་ཁྱོན་བསྡོམས་མིའི་ཐེངས་གྲངས་ཁྲི33.47ལ་སྣེ་ལེན་བྱས་ཡོད།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་དཀར་མཛེས་ཁུལ་གྱིས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུ
  • དོ་སྣང་ཆེ་བའི་རྩོམ།