དཀར་མཛེས་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་ལག་ལེན་བྱས་པའི་སྒྲོག་འགྲེལ་གནད་བསྡུས། (གཅིག)

        2017-11-16

     ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་དེ་སྤྱི་ཟླ10པའི་ཚེས18ཉིན་ནས24ཉིན་བར་པེ་ཅིན་དུ་འཚོགས་པ་རེད། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་འོངས་པའི་འཐུས་མི2280དང་དམིགས་བསལ་གདན་ཞུ་བྱས་པའི་འཐུས་མི74ཚོགས་ཆེན་ལ་ཞུགས་ཡོད། ཚོགས་ཆེན་གྱི་གྲོས་རིམ་གཙོ་བོ་ནི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ལ་ཉན་འཇོག་བྱས་ནས་ཞིབ་བཤེར་བྱས་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་ཞིབ་བཤེར་བྱས་པ་དང་།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན།)》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་བསྐོ་བྱས་ཡོད། འཐུས་མི་ཡོངས་ཀྱིས་ཐུན་མོང་དུ་འབད་བརྩོན་བྱས་འོག་ཚོགས་ཆེན་གྱི་གྲོས་རིམ་སོ་སོ་ལེགས་གྲུབ་བྱུང་བ་རེད། ཐེངས་འདིའི་ཚོགས་ཆེན་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་རིམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་བསྐྱོད་པའི་འགག་རྩའི་དུས་སྐབས་སུ་ཚོགས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན་ལ། ལོ་རྒྱུས་ཀྱི་གཞི་འཛུགས་ས་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཐབ་ལམ་གསར་པ་གཏོད་པའི་ཚོགས་ཆེན་ཞིག་ཀྱང་རེད། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་སུ་བཟུང་ཞིང་དར་ཆ་མཐོན་པོར་བསྒྲེངས་པའི་མཐུན་སྒྲིལ་བརྩོན་ལེན་གྱི་ཚོགས་ཆེན་ཞིག་ཀྱང་ཡིན་པ་རེད། 

   གཅིག ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན་དང་གྲུབ་འབྲས་གཙོ་བོ།

(གཅིག)ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན། བརྗོད་དོན་ནི་ཚོགས་ཆེན་གྱི་ཁ་ཕྱོགས་དང་སྙན་ཞུའི་བླ་སྲོག་ལྟ་བུ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་བརྗོད་དོན་ནི། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་སུ་བཟུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུར་ཕྱོགས་ཡོངས་ནས་རྒྱལ་ཁ་ཕུ་ཐག་ཆོད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་རྒྱལ་ཁ་ཐོབ་པར་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་དགོས།

  ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་སུ་བརྟན་པོ་བཟུང་ཞེས་པ་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་གཟབ་ནན་མངོན་གསལ་དུ་བཤད་པ་ནི་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བའི་ཆེད་དུ་ཡིན། ཐོག་མའི་བསམ་འདུན་དང་འགན་འཁྲི་འདི་ནི་ཀྲུང་གོའི་གུང་ཁྲན་ཏང་མིས་མུ་མཐུད་ནས་མདུན་སྐྱོད་བྱེད་པར་བསྔགས་སྐུལ་བྱེད་སའི་རྩ་བའི་སྒུལ་ཤུགས་ཡིན་པ་རེད།

  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་པ་ནི་མ་འོངས་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་བཀག་སྡོམ་མཁྲེགས་བཟུང་གི་ལམ་རྙིང་དུ་མི་འགྲོ་ལ། དར་ཆ་བརྗེ་སྐྱུར་བྱེད་པའི་འཁྱོག་ལམ་དུའང་མི་འགྲོ་བ།བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་འགྲོ་རྒྱུ་ཡིན་ཞེས་གཟབ་ནན་གྱིས་མངོན་བསྒྲགས་བྱས་པ་རེད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྱི་ཏང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ཡོངས་རྫོགས་ཀྱི་བརྗོད་དོན་ཡིན་ཞིང་། ཏང་དང་མི་དམངས་ཀྱིས་དཀའ་ཚེགས་དུ་མ་བརྒྱུད་པ་དང་དཀའ་ལས་ཆེན་པོ་བརྒྱབ་ནས་ཐོབ་པའི་རྩ་བའི་གྲུབ་འབྲས་རེད། ཏང་ཡོངས་ཀྱིས་དེ་བས་རང་རྟོགས་ཀྱིས་བགྲོད་ལམ་གྱི་ཡིད་ཆེས་དང་རིགས་པའི་གཞུང་ལུགས་ཀྱི་ཡིད་ཆེས། ལམ་ལུགས་ཀྱི་ཡིད་ཆེས། རིག་གནས་ཀྱི་ཡིད་ཆེས་བཅས་ཇེ་དྲག་བཏང་ནས་ཆབ་སྲིད་བརྟན་ཤུགས་སྲུང་འཛིན་བྱས་ཏེ་དངོས་གཉེར་རྒྱལ་དར་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏང་དགོས། 

  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་རྒྱལ་ཁ་ཕུ་ཐག་ཆོད་རྒྱུ་ནི2020ལོར་བསླེབ་སྐབས་ངེས་པར་དུ་འགྲུབ་དགོས་པའི་འབད་འཐབ་དམིགས་འབེན་ཡིན་ཞིང་། དམིགས་འབེན་འདི་འགྲུབ་པར་དཀའ་གནད་མང་པོ་བརྒྱུད་དགོས་པ་རེད། རྒྱལ་ཁ་ཕུ་ཐག་ཆོད་པ་ནི་གདོང་མཆོང་དུང་བརྡ་སྒྲོག་པ་ཡིན་ལ། སྤྱིའི་སྐུལ་སློང་ཡང་ཡིན། ངེས་པར་དུ་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་སྟོབས་ཤུགས་སྤྱད་ནས་ལོ་བརྒྱ་ཐམ་གཅིག་གི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱུང་དགོས།

  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ཐོབ་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱུང་བར་འབད་འཐབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དུས་རིམ་རང་བཞིན་གྱི་དམིགས་འབེན་གསལ་པོ་མཚོན་པ་རེད། དམིགས་འབེན་འདི་མངོན་འགྱུར་བྱུང་རྗེས་བབ་བསྟུན་འཕྲལ་སྒྲུབ་དང་དུས་ནམ་ཡང་ལྷོད་གཡེང་མེད་པའི་ཞུམ་མེད་མདུན་སྐྱོད་ཀྱི་བསམ་བློའི་འཁྱེར་སོ་བཅངས་ཏེ་མུ་མཐུད་ནས་ཀྲུང་ཧྭ་མི་རིགས་ བསྐྱར་དར་རླབས་ཆེན་གྱི་ཀྲུང་གོའི་ཕུགས་འདུན་གྱི་བརྗིད་ཆེའི་དམིགས་འབེན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱ་དགོས།

(གཉིས།)ཏང་གི་ཚོགས་ཆེན་བཅུ་དགུ་པའི་གྲུབ་འབྲས་གཙོ་བོ། ཏང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་གྱིས་མཛུབ་སྟོན་བྱས་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་ཏེ་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ཕྱི་མིག་བལྟས་པ་དང་ཕྱོགས་བསྡོམས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་ཞིག་ཏུ་སླེབས་པ་དང་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་དོ་མི་མཉམ་པའི་འཕེལ་རྒྱས་བར་གྱི་འགལ་བར་བསྒྱུར་ནས་ཆབ་སྲིད་ཀྱི་ཆོད་གཏམ་སྤེལ་ཞིང་། དུས་རབས་གསར་པར་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་ལས་འགན་རྒྱས་བཤད་གཏིང་ཟབ་གནང་སྟེ། ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་ལོ་རྒྱུས་ཀྱི་གོ་གནས་གཏན་འཁེལ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་དུས་རབས་གསར་པའི་གཞི་རྩའི་ཐབས་ཇུས་བཏོན་ཞིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ལམ་གསར་པ་འཛུགས་པའི་དམིགས་འབེན་བཏོན་ཏེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་དང་ཏང་འཛུགས་སྐྱོང་གི་ལས་དོན་རླབས་པོ་ཆེ་གསར་པར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད་པ་རེད།

  ཚོགས་ཆེན་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་གནང་བའི་སྙན་སྒྲོན་ལ་གྲོས་འཆམ་བྱུང་ཞིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་མཚོན་པ་དང་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པའི་འཆར་འགོད་ཆེན་པོ་བཟོས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་འཕེལ་རྒྱས་ཁ་ཕྱོགས་སྔར་བས་གསལ་སྟོན་གནང་ཡོད། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ནི་ང་ཚོའི་ཏང་གིས་རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་ཡིན་ལ། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆའང་ཡིན་པ་རེད།

    ཚོགས་ཆེན་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(དག་བཅོས་འཆར་ཟིན།)》ལ་གྲོས་འཆམ་བྱུང་ཞིང་། ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་དགོངས་པ་དེ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་དང་མཉམ་དུ་ཏང་གི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བྱེད་སར་གཏན་འཁེལ་བྱས་ཏེ། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་རླབས་ཆེན་གྱི་འཐབ་རྩོད་བྱེད་པ་དང་རླབས་ཆེན་གྱི་འདུ་འགོད་འཛུགས་སྐྱོང་། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་། རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་བྱུང་བར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ཡོད་པ་རེད།  བཟོ་བཅོས་བརྒྱབ་རྗེས་ཀྱི་ཏང་གི་སྒྲིག་ཡིག་ལས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ལེགས་པོ་ཐོབ་པ་མཚོན་ལ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་གལ་ཆེའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་དང་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ཀྱང་མཚོན་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་འཛུགས་སྐྱོང་ཆུ་ཚད་དེ་མུ་མཐུད་ནས་ཚད་ལྡན་དང་མཛུབ་ཁྲིད་ཀྱི་ནུས་པ་དེ་བས་འདོན་སྤེལ་ཡག་པོ་ཐོན་པ་རེད།

  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་སྐབས་གསར་པའི་ཀྲུང་དབྱང་གི་འགོ་ཁྲིད་ལས་ཁུངས་འདེམས་བསྐོ་བྱས་ཤིང་། ཉམས་མྱོང་ཕུན་ཚོགས་པ་དང་སྤྱོད་ཡོན་གཉིས་ལྡན། སྙིང་སྟོབས་ཆེར་སྐྱེད་ཀྱི་བློ་མཐུན་དག་ཀྲུང་དབྱང་གི་འགོ་ཁྲིད་ལས་ཁུངས་སུ་འཇོག་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་དར་རྒྱས་ཡོང་བ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་གང་ལེགས་མཚོན་པ་རེད། 

 (གསུམ།) ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་མ་ཟིན་འགོད་པའི་བརྒྱུད་རིམ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ལས་དོན་སྙན་སྒྲོན་གྱི་ཟིན་བྲིས་འགོད་པའི་ལས་ཀ་ནི་ད་ལོའི་ཟླ་དང་པོ་ནས་འགོ་བརྩམས་ཤིང་དུས་ཡུན་ཟླ་བ9ལྷག་ཡིན་པ་རེད།  ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ལས་དོན་སྙན་སྒྲོན་གྱི་ཟིན་བྲིས་འགོད་ཚུལ་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཡིག་ཆ་ཟིན་འགོད་ཚོ་ཆུང་འཛུགས་རྒྱུ་ཐག་གཅོད་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་གཙོའི་འགན་འཁུར་བ་དང་བློ་མཐུན་ལིའུ་ཡུན་ཧྲན་དང་ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་ཀྱིས་ཚོགས་གཙོ་གཞོན་པའི་འགན་འཁུར་ཞིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་འགོ་ཁྲིད་འོག་འགན་ཁུར་བའི་ལས་དོན་སྙན་སྒྲོན་གྱི་ཟིན་བྲིས་བཀོད་དེ། ཟླ་བ་དང་པོའི་ཚེས17ཉིན་ཀྲུང་དབྱང་གིས་བརྡ་ཐོ་བཏང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་གྲོས་གཞིའི་སྐོར་ས་གནས་ཁག་དང་སྡེ་ཁག་ཁག་ལ་བསམ་འཆར་བསྡུ་ལེན་བྱས་པ་རེད། ས་ཁུལ་ཁག་དང་སྡེ་ཁག་སོ་སོས་ནན་ཏན་གྱིས་སློབ་སྦྱོང་དང་གྲོས་བསྡུར་བྱ་རྒྱུའི་སྒྲིག་འཛུགས་བྱས་ཏེ་ཡིག་ཐོག་ནས་སྙན་ཞུ119ཕུལ་བ་དང་། དམངས་གཙོའི་ཏང་ཤོག་ཁག་གིས་གཏམ་བཤད་རྒྱུ་ཆ་ཁག9འདོན་སྤྲོད་བྱས་ཡོད། ཡིག་ཆ་ཟིན་འགོད་ཚོ་ཆུང་གིས་བརྟག་དཔྱད་ཞིབ་འཇུག་ཚོ་ཆུང9བགོས་ཏེ། ཞིང་ལྗོངས་དང་གྲོང་ཁྱེར16ཏུ་བསྐྱོད་དེ་བརྟག་ཞིབ་གནང་བ་དང་། ཡོངས་ཁྱབ་ཏུ་བསམ་འཆར་དང་གྲོས་འགོར་ཉན་པ། བརྟག་ཞིབ་སྙན་ཞུ10དང་། གླེང་དཔྱད་གཞི་ཁག28སྤྲད་པའི་དུས་མཚུངས་སུ་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་གཙོ་གནད་ཞིབ་འཇུག་བྱ་གཞི21ལ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས59ཡི་སྡེ་ཚན་གྱི་ཆེད་དོན་བརྟག་དཔྱད་ཞིབ་འཇུག་བྱས་པ་དང་། བརྟག་ཞིབ་སྙན་ཞུ80སྤྲད་པ་རེད། ཡིག་ཆ་ཟིན་འགོད་ཚོ་ཆུང་གིས་སྙན་ཞུའི་ཚོགས་འདུ་ཐེངས6འཚོགས་པ་དང་། གཙོ་གནད་ཞིབ་འཇུག་བྱ་གཞི17གྱི་ནང་སྙན་ཞུར་ཉན་པ་རེད། གཞན་ཡང་། རྒྱལ་ཁབ་ཀྱི་ཇུས་འདོན་ཚོགས་པ་རྩེ་གྲས་ཚོད་ལྟ་ལས་ཁུངས25རྩ་འཛུགས་བྱས་ནས་ཞིབ་འཇུག་གཏིང་ཟབ་བྱས་ཏེ། བརྟག་ཞིབ་སྙན་ཞུའི་ལེ་ཚན65སྤྲད་པ་དེ་དག་ལ་རྟོག་ཞིབ་བྱས་ནས་གྲུབ་འབྲས་ཐོབ་པར་ཡིག་ཆའི་འཆར་ཟིན་འགོད་མཁན་ཚོ་ཆུང་གིས་ཞིབ་འཇུག་ནན་ཏན་བྱས་པ་རེད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་སྒྲོན་འཆར་ཟིན་འགོད་པའི་ལས་དོན་ལ་བླ་ན་མེད་པའི་མཐོང་ཆེན་གནང་བ་དང་། སྙན་སྒྲོན་ཟིན་བྲིས་ལས་དོན་གྱི་གོ་རིམ་ཧྲིལ་པོར་འགོ་ཁྲིད་གནང་ཞིང་། ཟླ་བ་དང་པོའི་ཚེས13ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཆར་ཟིན་འགོད་མཁན་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། སྙན་སྒྲོན་དེ་ཏང་ཡོངས་ཀྱི་བློ་གྲོས་གཅིག་བསྡུ་བྱ་དགོས་ཚུལ་དང་མི་དམངས་ཀྱི་རེ་འདུན་དང་བསྟུན་པ། རང་རྒྱལ་གྱི་འཕེལ་རྒྱས་ལ་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ལྡན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡོངས་ཁྱབ་ཏུ་ཤུགས་རྐྱེན་ཐེབས་པའི་ཡིག་ཆ་འབྲི་ཞིག་དགོས་ཞེས་ནན་གསུང་གནང་། སྙན་ཞུའི་འཆར་ཟིན་འགོད་པའི་གོ་རིམ་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙན་སྒྲོན་གྱི་འཆར་ཟིན་ལས་དོན་གྲོས་ཚོགས་ལ་ཚོགས་འདུ་ཐེངས་མང་གནང་ལ། བསམ་འཆར་བསྡུ་ལེན་ཚོགས་འདུ་ཐེངས་མང་གནང་བར་གཙོ་སྐྱོང་གནང་སྟེ། ཏང་ཕྱི་ནང་གི་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་འགོ་ལ་ཐད་ཀར་གསན་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་ལ་གྲོས་བསྡུར་དང་ཞིབ་འཇུག་གནང་བ་རེད། སྙན་སྒྲོན་ནང་བཏོན་པའི་བསམ་བློ་གལ་ཆེན་གསར་པ་དང་ལྟ་བ་གལ་ཆེན། ཆོད་གཏམ་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིབ་འཇུག་གཏིང་ཟབ་དང་བསམ་བློ་ཡང་ཡང་བཏང་ནས་དངོས་སུ་བཏོན་པ་རེད། ཟླ་བ7པའི་ཚེས26ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་འཆར་ཟིན་འགོད་པ་དང་འབྲེལ་ཡོད་གནད་དོན་སྐོར་གསུང་བཤད་གལ་ཆེན་གནང་བ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་སྙན་ཞུའི་མ་ཟིན་ལ་གྲོས་ཞིབ་ཐེངས་མང་བྱས་ཡོད། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་སྙན་སྒྲོན་གྱི་མ་ཟིན་ལ་ནན་ཏན་གྱིས་གྲོས་བསྡུར་དང་བཟོ་བཅོས་གང་ལེགས་བྱས་ཤིང་།  རྨང་གཞི་དེའི་ཐོག་སྙན་སྒྲོན་གྱི་འཆར་ཟིན་ལ་གྲོས་འཆམ་བྱུང་། ཡིག་ཆའི་མ་ཟིན་འགོད་པའི་བརྒྱུད་རིམ་ཧྲིལ་པོ་ནི་དམངས་གཙོ་དར་སྤེལ་གང་ལེགས་དང་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་བློ་གྲོས་གཅིག་བསྡུས་བྱེད་པའི་བརྒྱུད་རིམ་ཞིག་ཡིན་ཞིང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ལག་ལེན་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་བརྒྱུད་རིམ་ཡིན་ལ། བསམ་བློ་བཅིངས་འགྲོལ་དང་བསམ་བློ་གཅིག་འགྱུར་བྱ་རྒྱུ་གཉིས་ཟུང་འབྲེལ་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་ཡིན་པ་རེད།

 


  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་བསྐྲུན་པར་མངོན་གསལ་ཅན་གྱི་གྲུབ་འབྲས་ཐོབ།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པ་ས་ཚུགས་དང་པོར་ཕྱིན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་སྒྲོག་འགྲེལ་བྱས་པའི་པར་རིས་རགས་བཀོད།
  • དོ་སྣང་ཆེ་བའི་རྩོམ།