དཀར་མཛེས་ཁུལ་ཡོངས་ཀྱི་གསར་འགྱུར་རྩོམ་འབྲི་མཁན་གྱི་ལས་སྒོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོགས།

སྐལ་ཐུབ།        2015-01-06

དཀར་མཛེས་ཁུལ་ཡོངས་ཀྱི་གསར་འགྱུར་རྩོམ་འབྲི་མཁན་གྱི་ལས་སྒོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོགས།

ཟླ་བ་དང་པོའི་ཚེས6ཉིན།དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་གཙོ་གཉེར་བྱས་པའི་ཁུལ་ཡོངས་ཀྱི་གསར་འགྱུར་རྩོམ་འབྲི་མཁན་གྱི་ལས་སྒོའི་གསོ་སྦྱོང་ཚོགས་འདུ་དེ་དར་མདོར་ཚོགས་འགོ་ཚུགས་པ་རེད།དཀར་མཛེས་ཚགས་པར་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་ཧྲེ་ཀྲང་ཨ་ལེན་གྱིས་ཚོགས་འདུའི་གཙོ་འགན་བཞེས།ཐེངས་འདིའི་ཚོགས་འདུའི་དུས་ཡུན་ནི་ཉིན2ཡིན་ཞིང་།ཚོགས་རིང་ལ་སི་ཁྲོན་གསར་འགྱུར་ལས་སྒྲུབ་པའི་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་དང་མཐོ་རིམ་རྩོམ་སྒྲིག་པ་དགེ་རྒན་ལིའུ་ཝེ་མིང་དང་སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་ལྟ་སྐུལ་བ་དགེ་རྒན་ལེ་ཅན་རྣམ་གཉིས་གདན་འདྲེན་ཞུས་ནས་ཆེད་དོན་འཆད་ཁྲིད་སྤེལ་རྒྱུ་དང་། ཁུལ་ནང་གི་འབྲེལ་ཡོད་ཆེད་མཁས་པ་གདན་འདྲེན་ཞུས་ནས་ཁམས་པའི་གཟའ་མཇུག་ཚགས་པར་དང་དཔལ་འབྱོར་དམངས་འཚོའི་ཚགས་པར་ལ་དམིགས་ནས་བགྲོ་གླེང་བྱ་རྒྱུ།ཁུལ་རིམ་པའི་ལས་ཁུངས་དང་རྫོང་སོ་སོའི་ཚོགས་ཞུགས་གསར་འགྱུར་རྩོམ་འབྲི་མཁན་རྣམས་དཀར་མཛེས་ཚགས་པར་ཁང་དུ་ལྟ་སྐོར་སློབ་སྦྱོང་བྱ་རྒྱུ།དཀར་མཛེས་ཚགས་པར་ཁང་གིས་ཉམས་མྱོང་ཕུན་སུམ་ཚོགས་པའི་དགེ་རྒན་གྱིས་འབྲེལ་ཡོད་འཆད་ཁྲིད་བྱ་རྒྱུ་བཅས་ཀྱི་ནང་དོན་འདུས་ཡོད་པ་རེད།
 ཁུལ་རིམ་པའི་ལས་ཁུངས་དང་རྫོང་སོ་སོའི་གསར་འགྱུར་རྩོམ་འབྲི་མཁན་རྐང་འཛིན་པ།དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་འགོ་ཁྲིད་དང་རྩོམ་སྒྲིག་པ།གསར་འགོད་པ་ཡོངས་རྫོགས་བཅས་མི་སྣ་ཁྱོན་བསྡོམས50ལྷག་ཐེངས་འདིའི་གསོ་སྦྱོང་ཚོགས་འདུར་ཞུགས་པ་རེད།

  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་འཚོགས་པའི་སྐོར་གྱི་
  • ལེ་ཚན་རྗེས་མ།:ཁེ་ལས་དང་མ་དངུལ་གྲབས་གཤོམ་ལས་ཀ་འཛིན་རྒྱུ་དེ་ལོ་གསར་པའི་དོན་ཆེན་ཞིག་ཏུ་བརྩི་དགོས།
  • དོ་སྣང་ཆེ་བའི་རྩོམ།