ཁེ་ལས་དང་མ་དངུལ་གྲབས་གཤོམ་ལས་ཀ་འཛིན་རྒྱུ་དེ་ལོ་གསར་པའི་དོན་ཆེན་ཞིག་ཏུ་བརྩི་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2015-01-08

ལི་ཝུའུ་རག་གཏེར་ལས་རྐང་དངུལ་འཛིན་ལོར་ཚོང་རར་འདོན་རྒྱུའི་གྲ་སྒྲིག་ལས་ཀ་སྤེལ་འགོ་ཚུགས་ནས་ལོ་དྲུག་སླེབས་པས།ད་དུང་གོང་སྤེལ་ཅུང་དལ་པོ་ཡིན་པའི་གནས་ཚུལ་ལ་དམིགས་ནས་ཟླ་བ1པའི་ཚེས4ཉིན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བ་དང་བཅས་པས་པེ་ཅིན་དུ་རྒྱལ་ཁབ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འགྲེམ་སྤེལ་པུའུ་ཡི་ཀྲུའུ་རེན་ལིའུ་ཁྲུན་ཞུན་དང་ཀྲུའུ་རེན་གཞོན་པ་ལི་ཆིང་ཡིན།ཁྲང་ཅུན་ཧྲེང་བཅས་ལ་མཇལ་བཅར་གནང་དེ་ལི་ཝུའུ་རག་གཏེར་ལས་སྔ་ཙམ་རྐང་དངུལ་འཛིན་ལོར་ཚོང་རར་འདོན་ཐུབ་བྱེད་གང་ཐུབ་བྱས་པ་རེད།
ཡེ་ཤེས་ཟླ་བས་གཙོ་གནད་རང་ཁུལ་གྱི་ལི་ཝུའུ་རག་གཏེར་གྱི་འཕེལ་རྒྱས་གཏོང་ཚུལ་དང་འཕེལ་རྒྱས་མདུན་ལམ་ངོ་སྤྲོད་བྱས་པར་མ་ཟད།ད་དུང་རང་ཁུལ་ནི་ནུབ་རྒྱུད་ས་ཁུལ་དང་མི་རིགས་ས་ཁུལ།འཕེལ་ཁ་ཅུང་མི་དར་བའི་ས་ཁུལ།བརྟན་བརླིང་འཚོ་སྲུང་གི་གཙོ་གནད་ས་ཁུལ་ལ་གཏོགས་པ་བཅས་ཀྱི་ཐོག་ནས་ལི་ཝུའུ་རག་གཏེར་ལས་ཀྱི་རྐང་དངུལ་འཛིན་ལོར་ཚོང་རར་འདོན་པའི་དོན་སྙིང་གལ་ཆེན་ཞིབ་མོར་སྙན་སེང་ཞུས།ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་གྱི་གཙོ་གནད་རྣམ་གྲངས་སྐུལ་སྤེལ་གཞུང་ལམ་ཁང་གི་ཀྲུའུ་རེན་ཧུའུ་ཡུས་ཆིན་གྱིས་ལི་ཝུའུ་རག་གཏེར་ལས་རྐང་དངུལ་འཛིན་ལོར་ཚོང་རར་འདོན་རྒྱུ་དེ་དར་མདོ་རུ་ཟླ་བ་11པའི་ཚེས12ཉིན་དུ་ས་འགུལ་གནོད་འཚེ་ཐེབས་པའི་ས་ཁུལ་གྱི་ཐོན་ལས་ཉམས་གསོ་དང་སྐྱར་འཛུགས་ཀྱི་གཙོ་གནད་རྣམ་གྲངས་ནང་གཏོགས་པའི་ཐད་ནས་སྙན་སེང་ཁ་གསབ་ཞུས་པ་རེད།
རྒྱལ་ཁབ་དངུལ་འཛིན་ལྟ་སྐུལ་དོ་དམ་ལྷན་ཚོགས་ཀྱི་འགོ་ཁྲིད་ཀྱིས་སྙན་སེང་གསན་རྗེས་ཚང་མས་རང་ཉིད་འགན་འཁྲིའི་ཁྱབ་ཁོངས་ནང་ལི་ཝུའུ་རག་གཏེར་ལས་རྐང་དངུལ་འཛིན་ལོར་ཚོང་རར་འདོན་རྒྱུའི་ཐད་ལ་ཧུར་ཐག་གིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་པས་མ་ཚད།ད་དུང་དཀར་མཛེས་ཁུལ་ལ་རོགས་རམ་བྱས་ནས་གོང་ཞུ་སྐབས་དགོས་པའི་ཆ་རྐྱེན་གསལ་པོ་དང་ཞིང་ཕྱི་ཆད་ཀྱི་ལས་ཀའི་བྱེད་ཕྱོགས་དང་དོ་སྣང་བྱ་རྒྱུའི་དོན་ཚན་བཅས་གསལ་པོ་གསུངས་པ་རེད།
  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་ཡོངས་ཀྱི་གསར་འགྱུར་རྩོམ་འབྲི་མཁན་གྱི་ལས་སྒོའི་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:ཧུའུ་ཁྲང་ཧྲེང་ས་འགུལ་གནོད་སྐྱོན་ཐེབས་ཡུལ་དུ་ཕེབས་ནས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་གནང་།
  • དོ་སྣང་ཆེ་བའི་རྩོམ།