གསར་འགྱུར་གནད་བསྡུས།

        2013-11-28

༄༅།།ཉེ་ཆར།རང་ཁུལ་གྱིས་གྲོང་ཁྱེར་དང་གྲོང་སྡེའི་སྡོད་དམངས་ཀྱི་ནད་ཆེན་སྨན་བཅོས་འགན་སྲུང་ལས་ཀ་སྤེལ་འགོ་ཚུགས་པའི་མཛད་སྒོ་དང་ལས་སྒོའི་གསོ་སྦྱོང་ཚོགས་འདུ་དེ་དར་མདོར་འཚོགས་པ་རེད།ནད་ཆེན་འགན་སྲུང་གི་འགྲོ་སོང་རྩིས་ཞུའི་ཁྱབ་ཁོངས་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་ཚུད་ཀྱི་བཀག་རྒྱ་ལས་བརྒལ་ནས་དངོས་སུ་བྱུང་བའི་ལུགས་མཐུན་གྱི་སྨན་བཅོས་གྲོན་སོང་མཐོ་ཤོས་དེ་ཡིན་ལ། ནད་ཆེན་ཕོག་མཁན་གྱི་ནད་པས་མ་མཐའི་སྨན་བཅོས་འགན་སྲུང་གི་འགྲོ་སོང་རྩིས་ཞུས་བྱས་ཟིན་ནས་ད་དུང་མི་སྒེར་གྱིས་ལུགས་མཐུན་གྱི་སྨན་བཅོས་འགྲོ་སོང་སྤྲད་དགོས་པ་ཡིན་ན་དེའི་ཐོག་བརྒྱ་ཆ50ཡི་འགྲོ་སོང་རྩིས་ཞུ་བྱེད་ཆོག་པ་རེད། འདི་ནི་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་ཡུན་རིང་རེ་སྒུག་བྱེད་པའི་དོན་བཟང་ཞིག་རེད།
    ༄༅།།ད་ལོར་ཞིང་ཆེན་ཡོངས་སུ་ས་ཁ་མཐོ་བའི་མི་རིགས་ས་ཁུལ་གྱི་སློབ་གྲྭར་དྲོད་སྐྱེད་གསབ་དངུལ་སྤྲད་པའི་སྲིད་ཇུས་ལག་ལེན་བསྟར་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་ལྟར་ན།རང་རེའི་ཞིང་ཆེན་གྱི་དཀར་མཛེས་ཁུལ་དང་རྔ་བ་ཁུལ། ལིའང་ཧྲན་ཁུལ་བཅས་ཀྱི་རྫོང43ཀྱི་འོས་འགན་སློབ་གསོའི་སློབ་གྲྭ་ཆ་ཤས་ཀྱི་ས་ཁ་མཚོ་འཕགས་སྨི2500ཡན་ཡིན་ཞིང་། འོས་འགན་སློབ་གསོའི་སློབ་མ་ཁྱོན་བསྡོམས་ཁྲི29ཡིས་དྲོད་སྐྱེད་གསབ་དངུལ་ལོངས་སྤྱོད་བྱེད་ཆོག་ལ་སློབ་མ་རེར་ལོ་རེར་སྒོར200ཡོད་པ་རེད།
    ༄༅།།ཉེ་ཆར།རང་ཁུལ་ལུའུ་ཧྲན་ས་འགུལ་དཀར་མཛེས་ཁུལ་དམངས་སྡོད་ཁང་ཉམས་གསོ་བསྐྱར་འཛུགས་སྐུལ་སྤེལ་ཚོགས་འདུ་ལྕགས་ཟམ་ཁར་འཚོགས་པ་རེད། ཤེས་རྟོགས་བྱུང་བར་ལྟར་ན་ཞིང་སྡེའི་སྡོད་ཁང12861ལ་བཟོ་བཅོས་སྲ་བརྟན་བྱས་ཤིང་ཞིང་སྡེའི་སྡོད་ཁང80བསྐྱར་འཛུགས་བྱས། གྲོང་རྡལ་སྡོད་དམངས་ཀྱི་སྡོད་ཁང311ལ་བཟོ་བཅོས་སྲ་བརྟན་བཏང་ཞིང་གནོད་ཐེབས་མང་ཚོགས་ཀྱི་སྡོད་ཁང་ཉམས་གསོ་བསྐྱར་འཛུགས་ལས་ཀ་གོ་རིམ་ལྡན་པར་སྤེལ་བའི་སྒང་ཡིན་པ་རེད།
    ༄༅།།ཉེ་ཆར།རང་ཁུལ་གྱི2014ལོའི་གལ་ཆེན་རྣམ་གྲངས་འཆར་འགོད་སྒྲིག་བཟོའི་ལས་ཀ་སྒོ་ཀུན་ནས་སྤེལ་འགོ་ཚུགས་ཤིང་རྨང་གཞིའི་སྒྲིག་ཆས་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བྱ་གཞག སྐྱེ་ཁམས་ཁོར་ཡུག་འཛུགས་སྐྱོང་བཅས་རྣམ་གྲངས་གལ་ཆེན་རིགས་བཞི་གཏན་འཁེལ་བྱས་པ་རེད།
    ༄༅།།ཉེ་ཆར།ཁུལ་གཅེས་སེམས་དགེ་རྩའི་ཉིན་མོའི་བྱེད་སྒོའི་འཚམས་འདྲི་ཚོགས་པ་ཁུལ་དམིགས་བསལ་སློབ་གྲྭར་སོང་ནས་ཉལ་གཟན100ལྷག་དང་།ལུས་རྩལ་ཡོ་བྱད་དང་ཀ་ར་སོགས་སྒོར3000རི་བའི་དངོས་རྫས་བཅས་འཚམས་སྐྱེས་སུ་སྦྱིན་པ་རེད།
    ༄༅།།ཉེ་ཆར།ཁུལ་ཡོངས་ཀྱི་འོས་འགན་སློབ་གསོ་ཆ་སྙོམས་འཕེལ་རྒྱས་སྐུལ་སྤེལ་གཏོང་བའི་ཡུལ་དངོས་ཚོགས་འདུ་དེ་རྟའུ་རྫོང་དང་། དཀར་མཛེས། དཔལ་ཡུལ་བཅས་སུ་འཚོགས་པ་རེད། ཚོགས་འདུའི་དམིགས་ཡུལ་ནི་ཁུལ་ཡོངས་ཀྱི་སློབ་གསོ་མཆོང་རྒལ་འཕེལ་རྒྱས་ཚོགས་ཆེན་གྱི་སྙིང་དོན་ལག་བསྟར་དོན་འཁྱོལ་བཏང་ཞིང་།རྫོང་ཁག3གྱིས་རྫོང་ཁོངས་སུ་འོས་འགན་སློབ་གསོ་ཆ་སྙོམས་འཕེལ་རྒྱས་སྐུལ་སྤེལ་གཏོང་བའི་ཉམས་མྱོང་སློབ་སྦྱོང་དང་བརྗེ་རེས་བྱེད་ཅིང་།ཁུལ་ཡོངས་ཀྱི་འོས་འགན་སློབ་གསོ་ཆ་སྙོམས་འཕེལ་རྒྱས་སྐུལ་སྤེལ་གཏོང་བའི་རྣམ་པ་གསར་པ་འཚོལ་ཞིབ་དང་གསར་སྐྲུན་བྱེད་པ་དང་།ཁུལ་ཡོངས་ཀྱི་འོས་འགན་སློབ་གསོ་ཆ་སྙོམས་འཕེལ་རྒྱས་གཏོང་བའི་འབྲེལ་ཡོད་ལས་ཀར་བཀོད་སྒྲིག་བྱ་རྒྱུ་དེ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སྐབས་དང་པོའི་གཅེས་སེམས་དགེ་སྒྲུབ་ཟླ་བ་དང་སྐབས་གཉིས་པའི་གཅེས་སེམས་དགེ་སྒྲུབ་ཉིན་མོའི་བརྗོ
  • ལེ་ཚན་རྗེས་མ།:ཧུའུ་ཁྲང་ཧྲེང་གིས་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་དུ་འཚམས་འདྲི་གནང་།
  • དོ་སྣང་ཆེ་བའི་རྩོམ།