རང་ཁུལ་གྱིས་ལོ་གསུམ་གྱི་དུས་ཚོད་ནང་ཕུལ་བྱུང་གི་རིག་རྩལ་ལེ་ཚན་གྲོང་སྡེ་ཡོངས་སུ་ཁྱབ་པར་རྒྱུ།
ལྷ་འཛོམས་ཀྱིས་བསྒྱུར། 2013-08-13
ཟླ་བ7པའི་ཚེས22ཉིན།བརྒྱད་ཟིལ་རྫོང་རིག་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་བརྒྱད་ཟིལ་རྫོང་གི་མི་རིགས་ཐང་ཆེན་ཐོག་ལྟ་ན་སྡུག་པའི་རིག་རྩལ་འཁྲབ་སྟོན་བྱེད་པ་ཡོད་པ་དེ་ནི་རྫོང་རིག་རྩལ་ཚོགས་པ་དེས་བརྒྱད་ཟིལ་རྫོང་གི་རིག་གནས་གྲོང་གསེབ་ཏུ་སྐྱེལ་བའི་གཙོ་ཤུགས་བྱས་ཏེ་རྫོང་ཡོངས་སུ་སྐྱོད་ཡོད་པ་རེད།
ཟླ་བ9པ་ནས་བཟུང་།རང་ཁུལ་གྱི་རིག་གནས་གྲོང་གསེབ་ཏུ་སྐྱེལ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བའི་ཁྲོད་དུ་བོད་ཁུལ་གྱི་དམངས་ཕན་སྲིད་ཇུས་དང་མང་ཚོགས་ཀྱི་ཁྲོད་དུ་སྔོན་རྗེས་བྱས་རྗེས་ལ་བརྟེན་ནས་ཕུལ་བྱུང་གི་རིག་རྩལ་ལེ་ཚན500ལྷག་ཙམ་བཟོས་ནས་མང་ཚོགས་སྒོ་ཁར་སྐྱེལ་བ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཕྱོགས་དེ་གཞི་རིམ་དུ་བསྐྱལ་ནས་མང་ཚོགས་ཀྱི་དགའ་སྤྲོ་ཐོབ།
མང་ཚོགས་སྒོ་ཕྱིར་འགྲོ་མི་དགོས་པར་རིག་རྩལ་འཁྲབ་སྟོན་ལྟ་ཐུབ་པ།
རང་ཁུལ་གྱིས་ཁུལ་དང་རྫོང་གི་ཆེད་ལས་རིག་རྩལ་འཁྲབ་སྟོན་ཤེས་ལྡན་མི་སྣ་སྒྲིག་འཛུགས་བྱས་ནས་ཞིང་འབྲོག་མི་དམངས་མང་ཚོགས་ཀྱི་འགྲམ་གྱི་བྱ་བཟང་མི་བཟང་དེ་འཁྲབ་ཚན་དང་སྙན་ངག ཟློས་གར་སོགས་བཟོས་པ་དང་ཕུལ་བྱུང་གི་གུང་ཁྲན་ཏང་ཡོན་འགྱུར་མེད་རྡོ་རྗེའི་བྱས་རྗེས་དེ་གཏམ་བརྗོད་ཟློས་གར་དང་སྙན་ངག་གྱེར་འདོན་བཟོས་པ་རེད།
རིག་རྩལ་འཁྲབ་ཚན་བཟོ་པ་དང་འཁྲབ་སྟོན་ནང་ཞུགས་མཁན་མང་ཚོགས2000ལྷག་ཙམ་ཡོད་པ།ཁོ་ཚོའི་ནང་ལས་ཁུངས་ཀྱི་ལས་བྱེད་པ་དང་ཁེ་ལས་ཀྱི་བཟོ་པ།སློབ་མ།ཞིང་འབྲོག་པ་སོགས་ཡོད་པ་རེད།
ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་དྲིལ་བསྒྲགས་པུའུ་ཀྲང་པི་ཧྲི་ཞང་གིས་ངོ་སྤྲོད་བྱས་པར་གཞིགས་ན།རང་ཁུལ་གྱིས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་རིག་གནས་གྲོང་གསེབ་ཏུ་སྐྱེལ་བའི་འཁྲབ་སྟོན་དེ་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ273དང་གྲོང་སྡེ2736ལ་ཁྱབ་པ།འཁྲབ་ཐེངས3000ཐོག་སླེབས་རྒྱུ་རེད།མིག་སྔར།གྲོང་གསེབ་དང་གྲོང་སྡེར་རིག་རྩལ་འཁྲབ་ཐེངས1300ལྷག་ཙམ་སྤེལ་བ་དང་ལྟད་མོ་ལྟ་མཁན་མང་ཚོགས་ཁྲི100ལྷག་ཙམ་ཡོད།ཕུལ་བྱུང་གི་རིག་རྩལ་འཁྲབ་ཚན་དེ་དག་གིས་ཞིང་འབྲོག་པའི་མང་ཚོགས་ལ་འཚོ་བའི་ངང་ཚུལ་ཟབ་པོ་དང་སེམས་འགུལ་ཐེབས་པའི་རིག་རྩལ་གྱི་ནུས་ཤུགས་ཀྱི་ཁྲོད་དུ་ཏང་གི་སྲིད་ཇུས་བཟང་པོ་དངོས་སུ་མྱོང་ཚོར་བྱུང་བ་དང་འཚོ་བའི་འགྱུར་ལྡོག་ཆེན་པོ་བྱུང་བར་ཚོར་སྣང་བྱུང་བ་རེད།