ཡེ་ཤེས་ཟླ་བས་སྡེ་དགེ་རུ་བརྟག་དཔྱད་ཞིབ་འཇུག་གནང་།

སྒྲོལ་མ་ཚེ་མཚོས་བསྒྱུར།        2013-08-13

ཟླ་བ7པའི་ཚེས31ཉིན་ནས་ཟླ་བ8པའི་ཚེས2ཉིན་གྱི་བར།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བ་སྡེ་དགེ་རྫོང་དུ་ཕེབས་ནས་རྒྱལ་སྲུང་གཞུང་ལམ317པའི་ཁྲོ་ལའི་ཕུག་ལམ་འཛུགས་སྐྲུན་དང་གྲོང་ཁུལ་འཆར་འགོད་འཛུགས་སྐྲུན་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་དང་ཤང་དང་གྲོང་ཚོའི་ལས་བྱེད་པ་དང་ལས་བཟོ་ལ་འཚམས་འདྲི་ཞུས།ཁམས་པའི་རིག་གནས་ཞིབ་འཇུག་ཁང་བཙུགས་པའི་མཛད་སྒོ་དང་སྡེ་དགེའི་སྐབས་དང་པོའི་ཁམས་པའི་རིག་གནས་ཞིབ་འཇུག་གྲོས་བསྡུར་ཚོགས་འདུའི་གྲ་སྒྲིག་བྱེད་ཚུལ་ལ་ཞིབ་བཤེར་གནང་།སྡེ་དགེ་རྫོང་གིས་ལས་ཀ་བསྒྲུབ་ཚུལ་སྙན་སེང་ཞུས་པར་གསོན་འཇོག་གནང་བ་རེད།ཡེ་ཤེས་ཟླ་བས་ནན་གསུང་གནང་དོན།སྔར་ལྷག་གིས་སྡེ་དགེའི་མཐུན་རྐྱེན་གྱི་ཐོན་ཁུངས་སྔོག་འདོན་བྱེད་དགོས་པ་དང་རིག་གནས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཁམས་པའི་རིག་གནས་ལྟེ་གནས་ཀྱི་དར་ཆ་ཆེན་པོ་སྒྲེང་གང་ཐུབ་བྱེད་དགོས།སྡེ་དགེ་རྫོང་གིས་ཁམས་པའི་རིག་གནས་ཞིབ་འཇུག་ཁང་བཙུགས་པའི་མཛད་སྒོ་དང་སྡེ་དགེའི་སྐབས་དང་པོའི་རིག་གནས་གྲོས་བསྡུར་ཚོགས་འདུའི་གྲ་སྒྲིག་ལས་ཀ་ཁག་མགྱོ གས་པོ་ལས་པ།ཚོགས་ཆེན་གྱི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ནས་སྡེ་དགེའི་པར་ཁང་དང་དགོན་ཆེན་དགོན་གྱི་མཐའ་སྐོར་གྱི་ཁོར་ཡུག་འཆར་འགོད་ཡག་ཅིང་མགྱོ གས་པོ་བྱས་ནས།ཁམས་པའི་རིག་གནས་ཀྱི་ལྡུམ་ཁུལ་བཟོ་སྐྲུན་བྱེད་དགོས།
  • ལེ་ཚན་སྔོན་མ།: བྲག་འགོ་རྫོང་གིས་གངས་ལྗོངས་འོ་སེ་ཐོན་ལས་འདེབས་གསོ་བྱེད་ཤུགས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ལོ་གསུམ་གྱི་དུས་ཚོད་ནང་ཕུལ་བྱུང་གི་རིག་རྩལ་ལེ་ཚན་གྲོང་སྡེ་ཡོངས་སུ་ཁྱབ་པར་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།