རང་ཁུལ་གྱི་ས་ཁོངས་ཡོངས་ཀྱི་ལྗོངས་རྒྱུ་འཕེལ་རྒྱས་ཚོགས་ཆེན་དར་མདོ་རུ་འཚོགས།

(སྒྲོལ་མ་ཚེ་མཚོས་བསྒྱུར།)        2013-04-08

ཡིད་ཆེས་བརྟན་པོ་དང་སེམས་ཤུགས་གོང་འགྲིལ་ཡོང་བ་བྱས་ནས་ཀྲུང་གོའི་ས་ཁོངས་ཡོངས་ཀྱི་ལྗོངས་རྒྱུ་སྔོན་སྤེལ་ས་ཁུལ་སྐྲུན་གང་ཐུབ་བྱེད་དགོས།
ཟླ་བ3པའི་ཚེས29ཉིན།དཀར་མཛེས་ཁུལ་ས་ཁོངས་ཡོངས་ཀྱི་ལྗོངས་རྒྱུ་འཕེལ་རྒྱས་ཀྱི་ཚོགས་ཆེན་དར་མདོར་འཚོགས་པ་རེད།གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི་བསམ་བློ་གཅིག་གྱུར་ཡོང་བ་དང་།ངོས་འཛིན་གོང་འགྲིལ་ཡོང་བ་བྱས་ནས་སེམས་ཤུགས་གཅིག་སྒྲིམ་བྱས་ནས་ཀྲུང་གོའི་ས་ཁོངས་ཡོངས་ཀྱི་ལྗོངས་རྒྱུ་སྔོན་སྤེལ་ས་ཁུལ་སྐྲུན་གང་ཐུབ་བྱེད་དགོས།ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་སྲིད་གཞུང་གི་ཁུལ་དཔོན་ཡེ་ཤེས་ཟླ་བ་གྲོས་ཚོགས་ནང་ཞུགས་ནས་གསུང་བཤད་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་བླང་བྱ་བཏོན་དོན། དམིགས་ཡུལ་ལས་འགན་ཐོག་དང་ཐོན་ལས་ཆགས་ཚུལ་ཐོག  འཕེལ་རྒྱས་གཏོང་སྟངས་བཅས་ཐོག་ནས་ས་ཁོངས་ཀྱི་ལྗོངས་རྒྱུ་རྩ་བའི་གོ་དོན་དང་འཐབ་ཇུས་བསམ་ཚུལ་ཁོང་དུ་ཡང་དག་པ་ཆུད་པ་བྱེད་དགོས།ས་ཁོངས་ཡོངས་ཀྱི་ལྗོངས་རྒྱུ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་སྐབས“གཙོ་ལམ་གཉིས་དང་ས་ཁུལ་གསུམ།གཙོ་གནད་བཞི།”ལ་དམ་པོར་དམིགས་ནས་ཀྲུང་གོའི་ལྗོངས་རྒྱུ་སྔོན་དུ་སྤེལ་བའི་ས་ཁུལ་དང་འཛམ་གླིང་ཐོག་ཆེས་བཟང་བའི་ལྗོངས་རྒྱུའི་དམིགས་འབེན་ས་ཆ་བཟོ་སྐྲུན་བྱེད་དགོས།ས་ཁོངས་ཀྱི་ལྗོངས་རྒྱུ་འཕེལ་རྒྱས་གཏོང་སྟངས་ནི་ཐོན་ལས་ས་ཁོངས་ཡོངས་སུ་ཁྱབ་པ་དང་མཛེས་ལྗོངས་ས་ཁུལ་གྱི་ས་ཁོངས་ཡོངས་སུ་མཉམ་འགུལ།ཐོན་རྫས་ས་ཁོངས་ཡོངས་སུ་བཟང་སྒྲུག  ས་ཁོངས་ཡོངས་སུ་གཅིག་གྱུར་འཆར་འགོད།ཁྱད་རྟགས་ས་ཁོངས་ཡོངས་སུ་ལེགས་སྒྲིག   ཚོང་ར་ས་ཁོངས་ཡོངས་སུ་བདག་གཉེར་དྲིལ་བསྒྲགས་བཅས་བྱེད་དགོས།
ཡེ་ཤེས་ཟླ་བས་བླང་བྱ་བཏོན་དོན།ས་ཁོངས་ཡོངས་ཀྱི་ལྗོངས་རྒྱུ་ལག་བསྟར་བྱེད་སྐབས།འཆར་འགོད་མཐུན་སྦྱོར་དང་ཐོན་ཁུངས་སྙོམས་སྒྲིག་བྱ་རྒྱུར་དོ་སྣང་བྱེད་དགོས་པ་དང་འཕེལ་རྒྱས་ཀྱི་གཙོ་གནད་མངོན་གསལ་དོན་པ།སྲིད་ཇུས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ།ལྗོངས་རྒྱུའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱེད་པ།འཕེལ་རྒྱས་ཀྱི་ཁོར་ཡུག་ཧུར་ཐག་གིས་སྐྲུན་དགོས།
ཁུལ་ཡོངས་ཀྱི་གོང་འོག་ཀུན་གྱིས་ཡིད་ཆེས་བརྟན་པོ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན།ས་ཁོངས་ཡོངས་ཀྱི་ལྗོངས་རྒྱུ་འཕེལ་རྒྱས་ཀྱི་ལེའུ་ཡག་པོ་འབྲི་གང་ཐུབ་བྱེད་པ།རང་ཁུལ་སྟོབས་ལྡན་ཡོང་བའི་ལྗོངས་རྒྱུ་ཐོན་ལས་ཆེན་པོ་ལས་ནས་ཁུལ་ཡོངས་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྒུལ་ཤུགས་སྟོབས་ལྡན་ཞིག་སྣོན་པ་དང་།མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གྱི་ཕུགས་བསམ་འགྲུབ་པར་འབད་འཐབ་ལྷོད་མེད་བྱེད་དགོས།
  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་ཡ་རི་སྒང་ཡུལ་ཚོས་རིག་གནས་དང་ཡ་རབས་སྤྱོད་བཟང་སློབ་པའི་བྱ་འགུལ་སྤེལ།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་རྒྱ་བོད་སྨན་རྫས་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་དར་མདོར་འཚོགས།
  • དོ་སྣང་ཆེ་བའི་རྩོམ།