གཞི་རིམ་གྱི་ཆེས་མཛེས་པའི་ལས་བྱེད་པ་འཇིགས་མེད་རྡོ་རྗེ།

        2013-04-02

གཞི་རིམ་གྱི་ཆེས་མཛེས་པའི་ལས་བྱེད་པ་འཇིགས་མེད་རྡོ་རྗེ།
གཞུང་ལས་ཀྱི་ཁྲོད་ནས་ཅུང་ངལ་གསོ་བྱེད་བཞིན་པའི་འཇིགས་མེད་རྡོ་རྗེ།

2012ལོའི་སྤྱི་ཟླ5བའི་ཚེས19ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་དུ། བོད་རིགས་མང་ཚོགས་ཀྱིས་སྙིང་ཉེ་བའི་སྒོ་ནས་ཤང་དཔོན་བཟང་བོ་རུ་འབོད་པའི་འཇིགས་མེད་རྡོ་རྗེ་ནི། ངལ་མ་གསོས་པར་དུས་ཡུན་རིང་བོར་བྱ་བ་སྒྲུབ་ནས་གློ་བུར་དུ་ཀླད་ཁྲག་ཤོར་བའི་རྐྱེན་གྱིས་རྟག་ཏུ་ཁོའི་ལས་དོན་དང་ཁོའི་གཉེན་ཉེ་དང་བྲལ་སོང་ལ། སྐབས་དེར་ཁོ་ལོ33ཡིན། འཇིགས་མེད་རྡོ་རྗེ་ཚེ་ལས་འདས་ནས་ལོ1འགོར་ལ་ཉེ་ཡོད། ཡིན་ཡང་ཤང་དཔོན་བཟང་བོའི་གཏམ་རྒྱུད་ནི་བོད་ཁུལ་དུ་སྔར་བཞིན་རྒྱ་ཆེར་ངག་རྒྱུན་དུ་དར་བཞིན་ཡོད།

སི་ཁྲོན་དཀར་མཛེས་རྟའུ་རྫོང་གི་རི་ལུང་ཐང་གསུམ་དང་སྤང་ཐང་། སྡེ་འདབ་དང་ལམ་འགྲམ་བཅས་སུ། ཆ་རྒྱུས་ཡོད་པའི་དབྱངས་རྟ་འདིས་མི་རྣམས་ལ་རྟག་ཏུ་མིང་ལ་འཇིགས་མེད་རྡོ་རྗེ་ཟེར་བའི་ན་གཞོན་ཤང་དཔོན་ཞིག་གླུ་རུ་བླངས་ནས་དྲན་གསོ་བྱེད་དུ་འཇུག་བཞིན་ཡོད་ལ། ཁོ་ལ་སྨོན་འདུན་དང་གསོལ་འདེབས་བྱེད་བཞིན་ཡོད། འོ་ན་འཇིགས་མེད་རྡོ་རྗེ་ཞེས་པ་དེ་དོན་ངོ་མའི་མི་ག་འདྲ་ཞིག་ཡིན་ནམ། མི་འདི་འདྲ་མང་པོ་ཞིག་གིས་ཁོ་ལ་ཡིད་རང་བྱེད་དགོས་དོན་རྒྱུ་མཚན་ཅི་ཡིན་ཞེས་ན། རྟའུ་རྫོང་ཞན་ཧྲོས་གྲོང་རྡལ་ཆན་ཅིན་སྡེ་བའི་སྡེ་མི་བློ་བཟང་སྒྲོལ་མའི་བཤད་རྒྱུར། ཁོ་ནི་ལས་བྱེད་པ་བཟང་བོ་ཞིག་ཡིན་ལ། མང་ཚོགས་ཀྱི་ཆེད་དུ་དཀའ་སྡུག་གང་མང་མྱངས་མོད། མཇུག་མཐར་འདི་ལྟར་བུད་སོང་། མང་ཚོགས་ཀྱིས་བོད་ཟླའི་ཚེས་བརྒྱད་དང་ཚེས་བཅོ་ལྔ་ལྟ་བུའི་དུས་ཆེན་གྱི་སྐབས་སུ་ཁོ་ལ་མཆོད་མེ་སྒྲོན་ནས་གསོལ་འདེབས་བྱེད་བཞིན་ཡོད་ཟེར།

རྟའུ་རྫོང་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་སྟེ་འཇིགས་མེད་རྡོ་རྗེའི་ལས་གྲོགས་ཡིད་བཞིན་སྒྲོལ་མའི་བཤད་རྒྱུར། ཁོ་ལ་བྱ་བ་ཧ་ཅང་མང་བའི་རྐྱེན་གྱིས་ཁོས་རྒྱུན་དུ་བྱ་བའི་ཟིན་བྲིས་དེབ་སྟེང་ལ་བཀོད་ནས། བརྗེད་མི་སྲིད་པར་འདོད་བཞིན་ཡོད་ཟེར།

གཞི་རིམ་གྱི་ཆེས་མཛེས་པའི་ལས་བྱེད་པ་འཇིགས་མེད་རྡོ་རྗེ།

འཇིགས་མེད་རྡོ་རྗེའི་བྱ་བའི་ཟིན་བྲིས་དེབ་རྫོགས་པ་ན། ཧ་ཅང་ངོ་མཚར་ཆེ་བའི་དོན་ཆེན་ཞིག་མ་མཐོང་མོད། ཡིན་ཡང་འགྱུར་བ་མེད་པའི་ནམ་རྒྱུན་གྱི་བྱ་བའི་ཁྲོད། ཙག་ཙིག་གི་བྱ་བ་ཡིན་ནའང་འཇིགས་མེད་རྡོ་རྗེ་ཡིས་གཟབ་ནན་གྱི་སྤྱོད་སྟངས་དེ་ནི་འབྲལ་ཐབས་མེད་པ་ཞིག་རེད། 2009ལོར་སི་ཁྲོན་གྱིས་ཕྱོགས་ཡོངས་ནས་འབྲོག་པའི་གཏན་འགོད་ལས་འགུལ་འཆར་གཞི་ལག་བསྟར་བྱས་ནས། ས་གནས་དེའི་བོད་རིགས་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་བརྒྱུད་པའི་འབྲོག་པའི་འཚོ་བའི་གོམས་གཤིས་བཅོས་སྒྱུར་བྱེད་པར་སློབ་གསོ་བཏང་བ་དང་། དང་ཐོག་འགོ་རྩོམ་དུས་ཧ་ཅང་དཀའ་ཚེག་ཆེ། འཇིགས་མེད་རྡོ་རྗེས་ལས་གྲོགས་དང་མཉམ་དུ་དུད་ཁྱིམ་རེ་རེར་སོང་ནས་འབྲོག་པ་མང་ཚོགས་ལ་འགྲེལ་བཤད་བྱས།

རྟའུ་རྫོང་དཔལ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་འཇིགས་མེད་རྡོ་རྗེའི་ལས་གྲོགས་ཡིད་བཞིན་སྒྲོལ་མས་བཤད་རྒྱུར། ང་ཚོའི་ཤང་དཔོན་འཇིགས་མེད་ཀྱིས་དང་ཐོག་མང་ཚོགས་རྣམས་ལ་བསམ་བློའི་སློབ་གསོ་གཏོང་སྐབས། ང་ཁྱོད་ཚོའི་ཤང་དཔོན་དང་ཤང་ཏང་ཨུའི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཁྱོད་ཚོའི་ཚེ་འདིའི་འཚོ་བ་ཇེ་ལེགས་སུ་གཏོང་དུ་ཡོང་བ་ཡིན་ལ། ངས་ཁྱོད་ཚོའི་འཚོ་བ་ཇེ་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བཤད་ཟེར། །

 འཇིགས་མེད་རྡོ་རྗེ་ཡི་ཨ་ཕ་དཔལ་ལྡན་གྱིས་ཁོ་ལོ་གཅིག་གི་ནང་ཁྱིམ་དུ་ཐེངས་འགའ་ཡང་ཡོང་ཁོམ་མེད་དེ།  མཚམས་མཚམས་ལ་ཟླ་གཅིག་གི་ནང་དུ་ཐེངས་གཉིས་མ་གཏོགས་ཡོང་མི་ཐུབ།  མཚམས་ལན་རེ་ལོ་སར་སྐབས་སུ་ཡང་ཡུལ་ལ་ཡོང་མི་ཐུབ་ཟེར། 

   ཁྱིམ་མི་ལ་མཚོན་ན།  འཇིགས་མེད་རྡོ་རྗེ་ཡི་སེམས་སུ་འགྱོད་པ་སྐྱེས་ཡོད་ཅིང་།  ཐ་ན་ཁོའི་ཆུང་མ་བྱིས་པ་སྐྱེས་དུས་ཡང་མོའི་འགྲམ་དུ་མེད།  འཇིགས་མེད་རྡོ་རྗེ་ཡི་ཆུང་མ་ངག་དབང་དཔལ་མོ་ཡིས་བུ་སྐྱེས་དུས་ཁོ་ཡོང་མ་ཐུབ།  ཁོའི་བྱ་བ་བྲེལ་ཚུབ་ཆེ།  བུ་མོ་སྐྱེས་དུས།  ཁོས་ཡིན་གཅིག་མིན་གཉིས་ང་སྲུང་ནས་འདུག་ཟེར།

  ན་ནིང་ཟླ་བཅུ་གཉིས་ནང་།  འཇིགས་མེད་རྡོ་རྗེ་ཚེ་ལས་འདས་རྗེས་ཀྱི་ལོ་ཕྱེད་ཀྱི་ཉིན་མོ་ཞིག་ལ།  ཁོའི་བུ་མོ་སྐྱེས་པ་རེད།  སྙིང་རྗེ་བའི་གཅེས་ཕྲུག་འདིས་རང་གི་ཕ་དྲིན་ཆེན་ལ་ངོ་ཐེངས་གཅིག་འཕྲད་པའི་ལས་དབང་མེད་སོང་། 

  འཇིགས་མེད་རྡོ་རྗེ་ཡིས་ཕ་ཡི་བརྩེ་དུང་རང་གི་བྱིས་པ་ལ་སྟེར་ཁོམ་མ་བྱུང་སྟེ།  དེ་ལས་ཟབ་པའི་བརྩེ་དུང་ངོ་མ་བྱིས་པ་མང་པོར་བྱིན།  ཁོ་ཚེ་ལས་འདས་སྐབས་ཀྱི་ཉིན་སྔོན་མར།  ཁོས་ཝ་རི་ཤང་ལྟེ་གནས་སློབ་ཆུང་ལ་ཉི་འོད་ནུས་པའི་ཆུ་བསྐོལ་འཕྲུལ་ཆས་བསྒྲིགས་པའི་དོན་དག་གི་ཆེད་དུ་ཁོམ་པ་མ་བྱུང་།

   ཝ་རི་ཤང་ལྟེ་གནས་སློབ་གྲྭའི་སློབ་གཙོ་བསྟན་འཛིན་རྒྱ་མཚོས་གནས་ཚུལ་འདི་ཁོར་ཡར་ཞུ་བྱས་རྗེས་ཁོས་མགྱོགས་མྱུར་གྱིས་སྡེ་བའི་མི་ལ་རི་མོ་འབྲི་རུ་བཅུག  སྦུ་གུ་མང་པོ་མཁོ་ལ་ཁོས་དེ་ཚང་མ་ཚད་ཐིག་བླངས།  ཡིན་ཡང་དོན་དག་འདི་སྒྲུབ་བཞིན་པའི་སྒང་ལ་ཁོ་ཚེ་ལས་འདས་སོང་ཟེར། 

   སློབ་གྲྭ་ནས་ཤང་སྡེ་དང་།  འབྲོག་པའི་གཏན་སྡོད་ནས་ལམ་དང་ཟམ་པ་ལས་པ།  ལོ་བཅུ་གཅིག་གི་རིང་དུ།  འཇིགས་མེད་རྡོ་རྗེ་ཤང་གང་དུ་སོང་རུང་།  མང་ཚོགས་ལ་ཕན་བདེ་སྐྲུན་པ་རེད།  ཡིན་ཡང་ཁོ་རང་གི་ཁང་པ་ཞིག་གསོ་བྱེད་པའི་རེ་འདུན་དུས་གཏན་དུ་མངོན་འགྱུར་མ་བྱུང་།  འཇིགས་མེད་རྡོ་རྗེ་ཡི་ཨ་ཕ་དཔལ་ལྡན་གྱིས་ངའི་བུ་བྱ་བ་བྲེལ་ཚུབ་ཆེ་བས་ཁོམ་པ་མེད།  རྗེས་ཕྱོགས་སུ་ཞིག་གསོ་བྱེད་ཟེར་དེ།  ད་རེག་བར་དུ་ཞིག་གསོ་བྱེད་མ་ཐུབ།  ཡིན་ཡང་ཁོ་མེད་སོང་ནི་རེད་ཟེར། 

  འཇིགས་མེད་རྡོ་རྗེ་ཚེ་ལས་འདས་རྗེས།  ཁོའི་བྱས་རྗེས་གཞིར་བཟུང་ཁའི་ཟློས་གར་ཁྲིན་ཏོའུ་དང་དར་མདོ།  རྟའུ་སོགས་ས་ཁུལ་དུ་འཁྲབ་སྟོན་བྱས།  ཟློས་གར་འཇིགས་མེད་རྡོ་རྗེ་འཚོལ་བ་ཞེས་པའི་ཚན་པ་ལས།  འཇིགས་མེད་རྡོ་རྗེ་འཁྲབ་མཁན་གྱིས།  ཡུལ་མི་སྤུན་ཟླ་རྣམ་པ།  འདི་ལྟར་བཤད་ཡག་བྱས་པ་ཡིན།  ཁྱོད་ཚོས་སྐྱེ་བ་གཞུག་མ་དགེ་བ་སྒྲུབ།  ང་ཚོས་ཁྱོད་ཚོའི་སྐྱེ་བ་འདི་ལ་དགེ་བ་སྒྲུབ་ཟེར། 

  མི་རྣམས་ཀྱི་སེམས་ཁོངས་སུ་འཇིགས་མེད་རྡོ་རྗེ་ཚེ་ལས་འདས་མེད་དེ།  ཁོ་ནི་གངས་རི་བཞིན་འགྱིང་ངེར་ལངས་ཡོད།  ཁོའི་ཕ་ཡུལ་ལ་རྒྱང་ལྟ་བྱས་པ་ན།  ཁོ་ནི་མཐོ་སྒང་གི་བྱ་རྒོད་པོ་དང་འདྲ་བར།  ཁོས་གཅེས་པའི་ས་གཞི་ལ་ཐུར་ལྟ་བྱེད་བཞིན་གདའ། 

   མཆོད་མེ་རེ་རེ་ལ་རེ་སྨོན་བཅོལ་དེ།  ཁོའི་སྐྱེ་བ་གཞུག་མར་བགེག་བར་ཆད་མེད་པར་མཁྱེན།  དྲན་གདུང་སྤྲིན་དཀར་ལ་བཅོལ་ཡོད།  །  

  • ལེ་ཚན་སྔོན་མ།:ཁུལ་བསྡོམས་རྩིས་ཅུས་ཀྱིས་ཉེ་གཉེན་སྒྲིག་འཛུགས་བྱས་ཏེ་ལུས་ཁམས་བདེ་ཐང་གི་ཞིབ་བཤེར་བྱེད།
  • ལེ་ཚན་རྗེས་མ།:མང་ཚོགས་སེམས་ནང་གི་ལས་བྱེད་པ་བཟང་པོ་འཇིག་མེད་རྡོ་རྗེ།
  • དོ་སྣང་ཆེ་བའི་རྩོམ།