རྒྱལ་སྲུང་གཞུང་ལམ317དཀར་མཛེས་ཁུལ་གྱི་གཞུང་ལམ་དུམ་བུ་ཁྲོ་ལའི་ཕུག་ལམ་བསྐྱར་སྐྲུན་དང་རྒྱས་སྐྲུན་ཨར་ལས་ཐད་མ་དངུལ་སྒོར་དུང་ཕྱུར16གཏོང་འཇོག་བྱས་ཡོད།

(དབྱངས་ཅན་གྱིས་བསྒྱུར།)        2012-12-20

མིག་སྔར། རྒྱལ་སྲུང་གཞུང་ལམ317ལམ་རྒྱུད་དཀར་མཛེས་ཁུལ་གྱི་གཞུང་ལམ་དུམ་བུ་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱ་རྒྱུ་དང་ཁྲོ་ལའི་ཕུག་ལམ་ཨར་ལས་འཛུགས་སྐྲུན་བྱེད་སའི་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་རྒྱུར། ཟླ་བ9པའི་ཚེས25ཉིན་གྱི་བར་དུ་སླེབས་དུས་རྒྱལ་སྲུང་གཞུང་ལམ317ལམ་རྒྱུད་དཀར་མཛེས་ཁུལ་གྱི་གཞུང་ལམ་དུམ་བུ(སྒོ་ཡག་ཐང་ནས་སྐམ་ཐོག་བར་གྱི་གཞུང་ལམ)བསྐྱར་སྐྲུན་དང་རྒྱས་སྐྲུན་བྱ་རྒྱུ་དང་ཁྲོ་ལའི་ཕུག་ལམ་གྱི་ཨར་ལས་རིམ་བསགས་ཀྱིས་བརྩིས་ན་གཏོང་འཇོག་བྱས་པའི་མ་དངུལ་སྒོར་ཁྲི་162764.26གི་ཐོག་སླེབས་ཡོད། དེའི་ནང་རྒྱལ་སྲུང་གཞུང་ལམ317ལམ་རྒྱུད་དཀར་མཛེས་ཁུལ་གྱི་གཞུང་ལམ་དུམ་བུ་བསྐྱར་སྐྲུན་དང་རྒྱས་སྐྲུན་གྱི་ཨར་ལས་འགོ་ཚུགས་པ་ནས་བཟུང་རིམ་བསགས་ཀྱིས་བརྩིས་ན་གཏོང་འཇོག་བྱས་པའི་མ་དངུལ་གྱི་སྒོར་ཁྲི157015.26གི་ཐོག་སླེབས་ནས་རྣམ་གྲངས་ཀྱི་སྤྱིའི་མ་དངུལ་འཇོག་ཚད་ཀྱི་བརྒྱ་ཆ26ཙམ་ཟིན་པ། ཁྲོ་ལའི་ཕུག་ལམ་ལས་འགོ་ཚུགས་ནས་བཟུང་རིམ་བསགས་ཀྱིས་བརྩིས་ན་གཏོང་འཇོག་བྱས་པའི་མ་དངུལ་སྒོར་ཁྲི5749གི་ཐོག་སླེབས་པ་དེ་ལོ་འཁོར་འཆར་གཞིའི་བརྒྱ་ཆ57བཟུང་ཡོད།
དགུན་དུས་སུ་ཨར་ལས་འཛུགས་སྐྲུན་གྱི་སྤུས་ཚད་དང་། བདེ་འཇགས། ཨར་ལས་ཀྱི་མྱུར་ཚད་བཅས་དང་། རྒྱལ་སྲུང་གཞུང་ལམ317ལམ་རྒྱུད་དཀར་མཛེས་ཁུལ་གྱི་གཞུང་ལམ་དུམ་བུ་བསྐྱར་སྐྲུན་དང་རྒྱས་སྐྲུན་བྱ་རྒྱུ་དང་ཁྲོ་ལའི་ཕུག་ལམ་གྱི་ཨར་ལས་དེ་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་སྤུས་དག་གི་ཨར་ལས་དང་། བདེ་འཇགས་ཀྱི་ཨར་ལས། སྐྱེ་ཁམས་སྲུང་སྐྱོང་གི་ཨར་ལས་བཅས་སུ་བསྐྲུན་ཐུབ་པར་ཁག་ཐེག་བྱེད་ཆེད།  བཀོད་འདོམས་པུའུ་ཡིས་འཛུགས་སྐྲུན་ནང་ཞུགས་མཁན་སྡེ་ཚན་སོ་སོར་སྤུས་ཚད་དང་བདེ་འཇགས་ཁག་ཐེག་བྱས་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཨར་ལས་ཀྱི་མྱུར་ཚད་ཇེ་མགྱོ གས་སུ་གཏོང་དགོས་པ་དང་དམིགས་ཡུལ་ལས་འགན་འགྲུབ་ཐུབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
  • ལེ་ཚན་སྔོན་མ།:བརྒྱད་ཟིལ་གྱི་གཡེར་མར་རྒྱལ་ཁབ་ས་གཤིས་མཚོན་བྱེད་ཐོན་རྫས་ཀྱི་ཞིབ་དཔྱད་བྱས།
  • ལེ་ཚན་རྗེས་མ།:ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་ཞུའི་ནང་མངོན་གསལ་ཆེ་བའི་གནད་དོན་འགའ།
  • དོ་སྣང་ཆེ་བའི་རྩོམ།