བརྒྱད་ཟིལ་གྱི་གཡེར་མར་རྒྱལ་ཁབ་ས་གཤིས་མཚོན་བྱེད་ཐོན་རྫས་ཀྱི་ཞིབ་དཔྱད་བྱས།

(དབྱངས་ཅན་གྱིས་བསྒྱུར། )        2012-12-20

ཉེ་ཆར། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་སྤྱི་ཁྱབ་ཅུས་ཀྱིས་ཁྲེང་ཏུའུ་ལ་བརྒྱད་ཟིལ་གྱི་གཡེར་མ་ས་གཤིས་མཚོན་གྱི་བྱེད་སྲུང་སྐྱོང་ཐོན་རྫས་ལ་ཡིག་ཐོག་སྙན་ཞུ་བྱེད་པའི་ཆེད་ལས་མཁས་ཅན་གྱི་ཞིབ་དཔྱད་གྲོས་ཚོགས་འཚོགས་པ་རེད།   ཞིབ་དཔྱད་གྲོས་ཚོགས་ནང་ཞུགས་པའི་ཆེད་ལས་མཁས་ཅན་གྱིས་ཐོན་རྫས་དེའི་མིང་དང་། སྲུང་སྐྱོང་བྱ་ཡུལ། ཐོན་ཡུལ་གྱི་ཁྱབ་ཁོངས། ཐོན་རྫས་ཀྱི་སྤུས་ཚད་དང་ཁྱད་ཆོས་བཅས་དང་། དེ་དང་འབྲེལ་བའི་ཡུལ་དེའི་རང་བྱུང་ཁམས་དང་མིའི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པ་སོགས་ཐད་ལ་ཞིབ་དཔྱད་དང་གྲོས་བསྡུར་བྱས་པ་རེད། ཆེད་ལས་མཁས་ཅན་གྱིས་ཞིབ་དཔྱད་བྱས་པར་བརྒྱུད་བརྒྱད་ཟིལ་གྱི་གཡེར་མ་བདེ་བླག་ངང་ལག་རྩལ་ཐོག་གི་ཞིབ་དཔྱད་བྱས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རང་ཁུལ་གྱི་རྒྱལ་ཁབ་ས་གཤིས་མཚོན་བྱེད་སྲུང་སྐྱོང་ཐོན་རྫས་ཀྱི་སྤྱིའི་བསྡོམས་གྲངས5ལ་སླེབས་ཡོད། དེ་དག་ཁག་དབྱེ་ན་སྡེ་རོང་གི་ཤིང་སྡོང་སི་པན་དང་། འདབ་པའི་བོད་ཕག  བྲག་འགོའི་གངས་ལྗོངས་འོ་སེར་ཇ། ཕྱག་ཕྲེང་གི་ཤ་མོ། བརྒྱད་ཟིལ་གྱི་གཡེར་མ་བཅས་ཡིན་པ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱི་དགོན་པའི་གྲྭ་བཙུན་སྤྱི་ཚོགས་ཉེན་འགོག་འགན་ལེན་ནང་ཞུགས་ཚད་ལོ་རྒྱུས་ཐོག་གི་མཐོ་ཚད་གསར་པར་སླེ
  • ལེ་ཚན་རྗེས་མ།:རྒྱལ་སྲུང་གཞུང་ལམ317དཀར་མཛེས་ཁུལ་གྱི་གཞུང་ལམ་དུམ་བུ་ཁྲོ་ལའི་ཕུག་ལམ་བསྐྱར་སྐྲུན་དང་རྒྱས་སྐྲུན་ཨར་ལས་ཐ
  • དོ་སྣང་ཆེ་བའི་རྩོམ།