ཁུལ་དཔོན་གྱིས་རོང་བྲག་རྫོང་གི་ལྗོངས་རྒྱུ་ལ་མཛུབ་སྟོན་གནང་།

ཀུན་དགས་བསྒྱུར།        2014-05-29

  ཁུལ་དཔོན་གྱིས་རོང་བྲག་རྫོང་གི་ལྗོངས་རྒྱུ་ལ་མཛུབ་སྟོན་གནང་།

རོང་བྲག་རྫོང་ལ་ལྗོངས་རྒྱུའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས།རོག་བྲག་རྫོང་གི་ལྗོངས་རྒྱུའི་སྤུས་ཀ་ཇེ་ལེགས་སུ་གཏོང་བ་དང་ལྗོངས་རྒྱུ་ཁོངས་ཡོངས་ཅན་ཡོང་བར་སྐུལ་འདེད་གཏོང་ཆེད། ཟླ་བ5པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཡེ་ཤེས་ཟླ་བ་དང་ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་བྱམས་བློ་ལྷན་ཕེབས་དང་བཅས་པས་རོང་བྲག་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་ནས་རྫོང་དེའི་ལྗོངས་རྒྱུ་འཕེལ་རྒྱས་སྐོར་ལ་མཛུབ་སྟོན་གང་ལེགས་གནང་བ་རེད།
    ཡེ་ཤེས་ཟླ་བ་ལྷན་ཕེབས་དང་བཅས་པས་བརྟག་དཔྱད་ཞིབ་འཇུག་གནང་རིང་རོང་བྲག་རྫོང་སྟོང་འགོ་ཤང་གི་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ཁྲོད་དུ་དཀར་རྫ་སོ་ཕག་དང་ཨར་འདམ། ལྕགས་རྩིབས་སྲུང་དྲ། མདོག་ལྡན་གྱི་ལྕགས་རྫ་ལེབ་སོགས་འཛུགས་སྐྲུན་རྒྱུ་ཆ་མང་པོ་སྤྱད་དེ་གྲོང་སྡེའི་ཁྱད་ཆོས་ལྡན་པའི་དང་བཟོ་བཀོད་ལ་གནོད་པ་བྱེད་པའི་གནས་ཚུལ་མཐོང་དུས་། ཡེ་ཤེས་ཟླ་བས་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་ཁྲོད་དུ་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་དམིགས་སུ་ཐོན་པ་བྱས་ཏེ་ཤུགས་ཆེན་པོས་བོད་གྲོང་དང་གྲོང་སྡེ་ཡུལ་མི་སྡོད་གནས་སོགས་ལ་རང་བྱུང་ཁམས་དང་མཐུན་པ་བྱས་ནས་ལྗོངས་རྒྱུའི་སྤུས་ལེགས་གྲོང་གསེབ་འཛུགས་སྐྲུན་བྱ་དགོས་ཞེས་གསུངས།
    སྟོང་འགོ་ཤང་གི་ཆུ་གློག་ས་ཚུགས་འཛུགས་སྐྲུན་གྱི་ལས་ཡུལ་དངོས་སུ་ཡེ་ཤེས་ཟླ་བས་གསུངས་དོན། སྐྱེ་ཁམས་དཔལ་འབྱོར་གྱི་ཆ་རྐྱེན་འོག་ས་ཁོངས་ཡོངས་སུ་ལྗོངས་རྒྱུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུ་དེ་དཀར་མཛེས་ཁུལ་གྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པས།རོང་བྲག་རྫོང་གི་ལས་ཀ་ཁག་དང་འཛུགས་སྐྲུན་རྣམ་གྲངས་ཁག་ལྗོངས་རྒྱུ་ལ་ཞབས་ཕྱི་བྱེད་དགོས།
    བྲག་སྟེང་ཤང་ཁྱུང་གཤོག་རྒྱལ་པོའི་ཕོ་བྲང་དང་ཉེ་དགའ་ཤང་གྱ་གྱུ་བོད་གྲོང་དུ་ཡེ་ཤེས་ཟླ་བ་ལྷན་ཕེབས་དང་བཅས་པས་རོང་བྲག་གི་རྫོང་དང་ཤང་། གྲོང་གསེབ་རིམ་པའི་ལས་བྱེད་པ་རྣམས་དང་མཛེས་ལྗོངས་ཁུལ་གྱི་འཛུགས་སྐྲུན་དང་འཆར་འགོད་བཅས་ཀྱི་སྐོར་ལ་བསམ་བློ་བརྗེ་རེས་བྱས་རྗེས།ཡེ་ཤེས་ཟླ་བས་ ལྗོངས་རྒྱུ་སྤེལ་བ་ནི་སྒྱུ་རྩལ་སྤེལ་བ་ལྟ་བུ་ཞིག་ཡིན་ཏེ་ངེས་པར་དུ་སྒྱུ་རྩལ་གྱི་ཚོར་ཤེས་སྤྱད་དེ་ངོས་འཛིན་བྱ་དགོས།
    བརྟག་དཔྱད་ཞིབ་འཇུག་ཁྲོད་ཡེ་ཤེས་ཟླ་བས་ནན་གསུང་གནང་དོན། འབའ་ལ་རི་བོའི་ཕུག་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ལམ་ཐིག211 པ་གཡག་རྔ་ནས་དར་མདོ་བར་གྱི་མྱུར་འགྲོ་གཞུང་ལམ་བཅས་འཛུགས་སྐྲུན་བྱས་རྗེས་དཀར་མཛེས་ཁུལ་གྱི་ལྗོངས་རྒྱུ་ལས་རིགས་འཕེལ་རྒྱས་ཆེན་པོ་ཡོང་བར་བསུ་མ་མཛད་པའི་དུས་རིམ་ཞིག་ཡིན་ཞིང་། རོག་བྲག་རྫོང་གིས་ད་ལྟ་ནས་ལྗོངས་རྒྱུའི་སྒྲིག་ཆས་འཛུགས་སྐྲུན་དང་ལྗོངས་རྒྱུའི་ཐོན་རྫས། ལྗོངས་རྒྱུའི་གྲ་སྒྲིག་ལས་ཀར་དམ་འཛིན་ཡག་པོ་བྱེད་དགོས།
  • ལེ་ཚན་སྔོན་མ།:ཧུའུ་ཁྲང་ཧྲེང་གིས་དགའ་ཞེན་ལྔ་དང་བརྩི་སྲུང་གཉིས།འགན་འཁུར་གསུམ་གྱི་སློབ་སྦྱོང་དང་སློབ་གསོ་བྱེད་སྒོའི་ས
  • ལེ་ཚན་རྗེས་མ།:མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་བྱེད་སྒོ་སྤེལ་བའི་གནས་ཚུལ།
  • དོ་སྣང་ཆེ་བའི་རྩོམ།