ཧུའུ་ཁྲང་ཧྲེང་གིས་དགའ་ཞེན་ལྔ་དང་བརྩི་སྲུང་གཉིས།འགན་འཁུར་གསུམ་གྱི་སློབ་སྦྱོང་དང་སློབ་གསོ་བྱེད་སྒོའི་སྒྲོག་འགྲེལ་མི་སྣ(དགེ་བཤེས)གསོ་སྦྱོང་འཛིན་གྲྭའི་སློབ་མར་མཇལ་འཕྲད་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2014-05-29

ཧུའུ་ཁྲང་ཧྲེང་གིས་དགའ་ཞེན་ལྔ་དང་བརྩི་སྲུང་གཉིས།འགན་འཁུར་གསུམ་གྱི་སློབ་སྦྱོང་དང་སློབ་གསོ་བྱེད་སྒོའི་ས


    ཟླ་བ5པའི་ཚེས25ཉིན་གྱི་ཕྱི་དྲོར་ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་དར་མདོའི་མཛའ་གཞས་མགྲོན་ཁང་གི་ཚོགས་ཁང་ནང་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་དགའ་ཞེན་ལྔ་དང་བརྩི་སྲུང་གཉིས།འགན་འཁུར་གསུམ་གྱིས་བརྗོད་བྱ་གཙོ་བོ་བྱས་པའི་སློབ་སྦྱོང་དང་སློབ་གསོའི་སྒྲོག་འགྲེལ་མི་སྣ(དགེ་བཤེས)གསོ་སྦྱོང་འཛིན་གྲྭའི་ནང་ཞུགས་པའི་དགེ་བཤེས་དང་སྤྲུལ་སྐུ100ལྷག་ཙམ་ལ་མཇལ་འཕྲད་གནང་བས་མ་ཚད་གསུང་བཤད་གལ་ཆེན་གནང་བ་རེད།
    ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒྱལ་བསྟན་བློ་བཟང་བྱམས་པས་མཇལ་འཕྲད་ཚོགས་འདུའི་གཙོ་འགན་བཞེས་པ་རེད།
    ཧུའུ་ཁྲང་ཧྲེང་གིས་ནན་གསུང་གནང་རྒྱུར།རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་གྲོགས་པོ་རྣམ་པས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་དར་སྤེལ་བཏང་ནས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་ཅིང་དེང་རབས་དཔལ་ཡོན་འཕེལ་རིམ་ལ་མཐུན་སྦྱོར་དང་སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུ་ལ་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་ཞིང་།ཤུགས་ཆེན་པོས་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར།ཁྲིམས་ལུགས་ཀྱི་ཟིལ་ཤུགས་བཅས་ལ་སྲུང་སྐྱོང་བྱས་ནས་མི་རིགས་བར་གྱི་འབྲེལ་བ་དང་བསམ་འཆར་སྤེལ་རེས་དེ་བས་ཡག་མོ་བྱེད་དགོས།
    ཧུའུ་ཁྲང་ཧྲེང་གིས་དང་ཐོག་རང་ཁུལ་གྱི་ཆོས་ལུགས་ལས་རིགས་ཀྱི་གྲོགས་པོ་རྣམ་པས་བསླབ་པ་གསུམ་ཚད་དང་ལྡན་པའི་དགེ་མཚན་སྤྱོད་ནས་ཆོས་ལུགས་ཀྱི་ཁྱབ་ཁོངས་ནང་དགེ་མཚན་ལྡན་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་དུ་མ་འདོན་སྤེལ་བྱེད་པར་སྙིང་ཐག་པ་ནས་བཀའ་དྲིན་དང་གུས་བཀུར་ཞུས་པ་རེད།ཁོང་གིས་གསུངས་རྒྱུར།ཉེ་བའི་ལོ་ཤས་རིང་རང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱིས་ཏང་གི་ཆོས་ལུགས་སྲིད་ཇུས་དང་ལེན་དང་བརྩི་བཀུར་བྱས་ནས་རྒྱལ་གཅེས་ཆོས་གཅེས་དང་མཐུན་སྒྲིལ་ཡར་ཐོན།སྤྱི་ཚོགས་ལ་ཞབས་ཕྱི་བསྒྲུབ་རྒྱུའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་ཧུར་ཐག་གིས་ཏང་དང་སྲིད་གཞུང་གིས་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་ལག་ལེན་བྱ་རྒྱུར་གཞོགས་འདེགས་བྱེད་རོགས་བྱས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ཡོད།ཧུར་ཐག་གིས་སྤྱི་ཚོགས་ཀྱི་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཞུགས་ནས་རྒྱ་ཆེའི་གྲྭ་བཙུན་དང་རྒྱ་ཆེའི་ཆོས་དད་མང་ཚོགས་སྣེ་ཁྲིད་དེ་ཏང་དང་སྲིད་གཞུང་དང་བློ་གཅིག་སེམས་གཅིག སེམས་མཐུན་ཕྱོགས་མཐུན།སེམས་མཐུན་སྤྱོད་མཐུན་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲོད་པ་བྱས་ཏེ་ཆོས་ལུགས་ཀྱི་རྒྱུན་ལྡན་སྒྲིག་ལམ་ནུས་ལྡན་གྱིས་སྲུང་སྐྱོང་བྱས་ནས་སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་སྤེལ་བྱས་ཡོད།འདི་བཞུགས་ཀྱི་དགེ་བཤེས་གྲོགས་པོ་རྣམ་པ་ནི་ཡང་དག་པའི་ཆོས་ལུགས་དར་སྤེལ་དང་རྒྱུན་འཛིན་བྱེད་མཁན་ཡིན་ལ། སངས་རྒྱས་ཀྱི་བླ་ན་མེད་པའི་བསྟན་པའི་གཞི་ཉམས་ལེན་བྱེད་མཁན་ཡང་ཡིན།རང་ཁུལ་གྱི་ཆོས་ལུགས་རིགས་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་མཁན་ཡིན་ལ།བོད་བརྒྱུད་ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་འཕྲོད་པར་ཁྲིད་སྟོན་བྱེད་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན་པ་རེད།
    ཁོང་གིས་ནན་གསུང་གནང་དོན།ཆོས་ལུགས་བྱེད་སྒོ་ནི་སྤྱི་ཚོགས་ཀྱི་བྱ་སྤྱོད་ཅིག་ཡིན་པས།ཆོས་དད་རང་མོས་བྱེད་ཆོག་པ་དེ་རང་མོས་ཀྱིས་ཆོས་ལུགས་བྱེད་སྒོ་སྤེལ་ཆོག་པ་ཞིག་མ་ཡིན་པས།བཅའ་ཁྲིམས་ཀྱིས་ཚོད་འཛིན་བྱེད་དགོས་པ་རེད།ཀྲུང་གོའི་སྤྱི་འབངས་ཡིན་པའི་གྲྭ་བཙུན་ཚང་མའི་བྱ་སྤྱོད་དང་བྱེད་སྒོ་ངེས་པར་དུ་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་སྤེལ་དགོས།དགེ་བཤེས་རྣམ་པ་ཚོས་ཁྲིམས་སྐྱོང་གི་འདུ་ཤེས་བློ་ལ་བརྟན་པོར་འཛིན་ནས་ཁྲིམས་སྲུང་དགེ་སྒྲུབ་ཀྱི་ཆོས་སྤེལ་བྱེད་མཁན་ཞིག་བྱེད་དགོས།
    ཧུའུ་ཁྲང་ཧྲེང་གིས་གསུངས་རྒྱུར།མིག་སྔར་རང་ཁུལ་གྱིས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་ལས་ཀ་ཟབ་སྤེལ་བྱེད་པ་དང་ཤུགས་ཆེན་པོས་འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྱོང་བྱེད་བཞིན་ཡོད་པས།རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་ཁུལ་ཨུ་དང་ང་རང་ལ་རིན་ཐང་ཡོད་པའི་གྲོས་འགོ་བཏོན་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་བྱེད་སྒོ་ཆེན་པོ་དྲུག་ཟབ་མོ་དང་ཞིབ་མོ།ཡག་པོ་བསྒྲུབས་ནས་རྒྱ་ཆེའི་མང་ཚོགས་དང་གྲྭ་བཙུན་གྱི་བློར་བབ་པ་བྱས་ནས་དངོས་གནས་ཀྱིས་རང་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་།ལས་བྱེད་པ་དང་མང་ཚོགས་བར་འཆམ་མཐུན་ཡོང་བཅུག་རྒྱུའི་རེ་བ་བཅངས་པ་དང་ཆབས་ཅིག འདི་བཞུགས་ཀྱི་དགེ་བཤེས་རྣམ་པས་སློབ་སྦྱོང་དང་སྒོམ་སྒྲུབ་བྱ་རྒྱུར་འབད་བརྩོན་བྱས་ཏེ་རང་ཉིད་ཀྱི་ཤེས་རྒྱ་དང་མཐོང་རྒྱ་དེ་བས་ཆེན་པོ་གྱུར་པར་བྱས་ནས་དངོས་གནས་ཀྱིས་རང་ཉིད་འདི་འཆམ་མཐུན་གྱི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱེད་མཁན་དུ་གྱུར་པ་བྱ་རྒྱུའི་རེ་བའང་ཡོད་ལ།ཚང་མས་ཆབ་སྲིད་ཐོག་བློ་འཁེལ་ཆོག་པ་དང་ཀུན་སྤྱོད་ཐད་ཆོས་སྒོ་ལ་ཞུགས་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ཀྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པར་བདེན་དཔང་བྱེད་མཁན་དུ་གྱུར་རྒྱུའི་རེ་བའང་ཡོད།
  • ལེ་ཚན་སྔོན་མ།:དར་མདོ་རྫོང་གི་ཨར་ལས་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་འཕར་ཚད་ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས།
  • ལེ་ཚན་རྗེས་མ།:ཁུལ་དཔོན་གྱིས་རོང་བྲག་རྫོང་གི་ལྗོངས་རྒྱུ་ལ་མཛུབ་སྟོན་གནང་།
  • དོ་སྣང་ཆེ་བའི་རྩོམ།