བྲག་འགོ་ནས་རྟའུ་བར་གྱི་སྟོང་ཝ100ཅན་གྱི་སྐུད་ལམ་ཡང་བསྐྱར་ཐིག་ལེན་བྱས།

        2014-05-22

 ཉེ་ཆར། བྲག་འགོ་ནས་རྟའུ་རྫོང་བར་གྱི་སྟོང་ཝ110ཅན་གྱི་སྐུད་ལམ་ཡང་བསྐྱར་ཐིག་ལེན་བྱས་པ་ནི་རྟའུ་ཡི་འགག་རྩའི་སྐུད་ལམ་ཡང་བསྐྱར་ཐིག་ལེན་བྱེད་མཇུག་བསྒྲིལ་བ་རེད།  
    རྟའུ་ཡི་སྟོང་ཝ110ཅན་གྱི་གློག་སྐྱེལ་གློག་སྒྱུར་ཨར་ལས་ནི་རྒྱལ་ཁབ་གློག་དྲའི་ཙི་དབྱང་གྲོང་ཁྱེར་གློག་ཤུགས་འདོན་སྤྲོད་སྤྱི་གཉེར་ཁང་གིས་འཛུགས་སྐྲུན་དོ་དམ་བྱེད་འགན་ཁུར་བ་རེད།ཨར་ལས་འདིར་མ་དངུལ་ཁྱོན་བསྡོམས་སྒོར་ཁྲི14478བྱས་པ་དང་།སྐུད་ལམ་རིང་ཚད་སྤྱི་ལེ71ཡོད་ཅིང་།ལྕགས་སྒྲོམ་ཁྱོན་བསྡོམས190ཡོད་པ་རེད།རྟའུ་རྫོང་ལ་མིག་སྔར་ད་དུང་སྟོང་ཝ110ཅན་གྱི་གློག་སྒྱུར་ས་ཚུགས་མེད་པ་རེད།གཙོ་བོ་སྨིན་ཐོག་ཆུ་གློག་ས་ཚུགས་ཆུང་ཆུང་སོག་ལ་བརྟེན་ནས་སྟོང་ཝ35ཅན་གྱི་སྐུད་ལམ་གཙོ་བོ་བྱས་ནས་སྟོང་ཝ10ཅན་གྱི་སྐུད་ལམ་བརྒྱུད་ནས་གློག་འདོན་བྱས་པས་གློག་ཧ་ཅང་མི་འདང་བ་རེད།
  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་ངོ་མཚར་ཅན་གྱི་རིག་གནས་ཐོན་རྫས་ཧྲེང་ཀྲེན་དུ་མངོན།
  • ལེ་ཚན་རྗེས་མ།:དར་མདོ་ས་ཁུལ་གྱིས་དགའ་སྐྱིད་བདེ་ཐང་གི་ལུས་སྦྱོང་འགྲན་བསྡུར་བྱས།
  • དོ་སྣང་ཆེ་བའི་རྩོམ།