དཀར་མཛེས་ཁུལ་གྱི་ངོ་མཚར་ཅན་གྱི་རིག་གནས་ཐོན་རྫས་ཧྲེང་ཀྲེན་དུ་མངོན།

        2014-05-21

 2014ལོའི་སྐབས་བཅུ་པའི་ཀྲུང་གོ(ཧྲེང་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་ཅན་གྱི་དངོས་མང་ཉོ་འཚོང་འགྲེམ་སྟོན་འདུས་ཚོགས་ནི་རྒྱལ་ཁབ་རིམ་པའི་གཟབ་རྒྱས་ཀྱི་སྟོན་ཚོགས་ཤིག་ཡིན་ལ།  འཛམ་གླིང་ཡོངས་ལ་ཁ་ཕྱོགས་པའི་རིག་གནས་ཐོན་ལས་ཀྱི་དངོས་མང་ཉོ་འཚོང་སྟོན་ཚོགས་ཤིག་ཀྱང་ཡིན་པ་རེད།  ད་ལོར།  རང་ཁུལ་གྱི་ཐེངས་དང་པོས་གྲོང་ཁྱེར་དང་ཁུལ་རིམ་པའི་མིང་ཐོག་ནས་རང་ཚུགས་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་འགྲེམ་སྟོན་འདུས་ཚོགས་ནང་ཞུགས་ཡོད།   གཙོ་བོ་ནི་ཧྲེང་ཀྲེང་དང་དེ་བཞིན་དུ་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་ཕྲན་གྱི་རྒྱ་ཆེ་བའི་ལྟད་མོ་བར་རིག་གནས་དངོས་མང་འགྲེམ་སྟོན་བྱེད་སྐབས་རང་ཁུལ་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དང་ཁམས་པའི་ལྗོངས་རྒྱུ་རིག་གནས་ལ་ཁྱོན་ཡོངས་ནས་རྒྱུད་རིམ་ལྡན་པའི་ཤེས་རྒྱུས་ལོན་དུ་འཇུག་པའི་ཆེད་རེད།
  བོད་ཀྱི་ཟུར་ལུགས་གསོ་རིག་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱས།      བོད་ཀྱི་གསོ་རིག་ལ་བྱང་ལུགས་དང་ཟུར་ལུགས་གཉིས་དབྱེ་སྲོལ་ཡོད་པ་རེད།  དཀར་མཛེས་ཁུལ་དུ་དར་ཁྱབ་ཆེ་བའི་བོད་ཀྱི་གསོ་རིག་ལ་ཟུར་ལུགས་ཟེར།   ཟུར་ལུགས་ནི་བོད་ཀྱི་གསོ་རིག་པའི་གལ་ཆེའི་གྲུབ་ཆ་ཡིན་པའི་ཆ་ནས་བཤད་ན།  ནང་དོན་ཕུན་སུམ་ཚོགས་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡིན་པས།  བོད་ཀྱི་གསོ་རིག་རྒྱུན་འཛིན་དང་།  དར་སྤེལ།  མཐོར་འདེགས།  དེ་བཞིན་དུ་བོད་ཀྱི་གསོ་བ་རིག་པའི་ནང་ཕུན་སུམ་ཚོགས་པོ་བྱེད་རྒྱུའི་ཐད་གལ་ཆེའི་ནུས་པ་ལྡན་པ་རེད།
    བོད་ལུགས་འཇིམ་འབག་བཀྲག་མདངས་སྟོན།        བོད་ལུགས་འཇིམ་འབག་བཟོ་སྟངས་ནི་བོད་མི་རིགས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ཡོད་པའི་རིག་གནས་ཁྱབ་ཁོངས་ནང་རྒྱུན་འཛིན་བྱས་པ་ཞིག་རེད།  འཇིམ་འབག་དེ་རིགས་ནི་ཆོས་ལུགས་རིག་གནས་ཀྱིས་ནང་དོན་གཙོ་བོ་བྱས་ཤིང་།  གནའ་བོའི་བོད་རིགས་དང་གནའ་བོའི་ཧིན་རྡུའི་སྒྱུ་རྩལ་གྱི་ཉམས་འགྱུར་མཉམ་འདྲེས་བྱས་ནས་བཟོས་པའི་གནའ་རབས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཞིག་ཡིན་པ་རེད།  དེའི་ནང་རང་ཁུལ་གྱི་ཉག་རོང་གི་སྲོལ་རྒྱུན་བོད་ལུགས་འཇིག་འབག་ཐོན་རྫས་ལ་རིགས་སྣ་མང་བ་དང་དམིགས་བསལ་གྱི་ཁྱད་ཆོས་ཡོད་ཅིང་།  རུལ་མི་ཐུབ་པ།སྦགས་བཙོག་མི་བྱེད་པ།  ཚོས་མདོག་ལོག་མི་ཐུབ་པ།  ཁྱེར་བདེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པ་རེད།    སྲུང་མ་སེང་བཞོན་སོགས་འཇིམ་འབག་རིགས་གསུམ་ལ་རྒྱལ་ཁབ་རིམ་པའི་ཤེས་ཡོན་གྱི་ཐོན་དངོས་བདག་དབང་གི་ཆེད་ཁེའི་ལག་ཁྱེར་ཐོབ་ཡོད།
   བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་མཁྱེན་དཔྱོད་ཟབ་ཅིང་ཡངས་པ།       སྡེ་དགེའི་བོད་ཀྱི་ཡིག་རིས་ནི་དབུས་གཙང་ས་ཁུལ་ཡིག་རིས་ཀྱི་རྨང་གཞིའི་ཐོག་གོང་འཕེལ་ཡོང་བའི་རང་ཚུགས་རྣམ་པའི་ཡིག་རིས་ཤིག་ཡིན།  ད་ལྟའི་བར་ལོ7000ལྷག་གི་ལོ་རྒྱུས་ཡོད་པ་རེད།  དེར་དབུས་གཙང་དང་ཨ་མདོ་སོགས་བོད་ཁུལ་གྱི་ཡིག་གཟུགས་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པའི་རང་ལུགས་ཆགས་ཡོད།  བོད་ཁུལ་ཡོངས་སུ་དར་ཁྱབ་ཆེ་བས་སྡེ་དགེའི་ཡིག་གཟུགས་ལ་བོད་ཁུལ་ཡོངས་ཀྱི་ཡིག་གཟུགས་སྙིང་བཅུད་ཀུན་འདུས་ཞེས་པའི་མཚན་སྙན་ཡོད་པ་རེད། 
   པར་ཤིང་པར་སྐྲུན་བྱས་པ་ནི་རིག་གནས་རྒྱུན་འཛིན་བྱེད་པ་ཡིན།       བོད་ཀྱི་སྲོལ་རྒྱུན་པར་སྐྲུན་ལག་རྩལ་ནི་ལོ་རྒྱུས་ཡུན་རིང་དང་ལག་རྩལ་ཁྱད་འཕགས་ལྡན་པའི་གདན་རབས་ཤིག་ཡིན་ཞིང་། མིག་སྔར་བོད་ཁུལ་ཡོངས་སུ་སྡེ་དགེ་པར་ཁང་གཅིག་པུ་ལ་ཆ་ཚང་བའི་སྲོལ་རྒྱུན་གྱི་པར་ཤིང་པར་སྐྲུན་བྱེད་པའི་ལག་རྩལ་དེ་ཉར་ཚགས་བྱས་ཡོད་པས་མ་ཚད། དེང་རབས་ཀྱི་སྤྱི་ཚོགས་ནང་དངོས་སུ་སྤྱོད་བཞིན་ཡོད།  དེ་བས་སྡེ་དགེ་པར་ཁང་ལ་ཀྲུང་གོ་པར་ཤིང་པར་སྐྲུན་གྱི་འགྱུར་རྡོ་གསོན་པོ་ཞེས་མཚན་སྙན་ཐོབ་ཅིང་པར་སྐྲུན་ལག་རྩལ་ལ་པར་ཤིང་པར་སྐྲུན་གྱི་ལག་རྩལ་དང་བོད་ཤོག་བཟོ་བའི་ལག་རྩལ་ཕྱོགས་གཉིས་འདུས་པ་རེད།
        ཨ་སྐྱིད་རྫ་སྣོད་ཀྱིས་ཡིད་དབང་རབ་ཏུ་འཕྲོག      ཨ་སྐྱིད་རྫ་སྣོད་ནི་འདབ་པ་རྫོང་ཚུར་རུབ་ཤང་ཨ་སྐྱིད་གྲོང་སྡེ་རུ་ཐོན་པ་ཡིན་ཞིང་། དེ་ནི་བོད་ཀྱི་སྲོལ་རྒྱུན་འདམ་པའི་ལག་རྩལ་ཐོན་རྫས་ཤིག་ཡིན་ལ། མེ་ལ་བསྲེགས་རྗེས་ནག་པོ་བཟོས་རྗེས་མིང་དེ་བྱུང་བ་ཡིན། དེ་ལ་བོད་པའི་རྫ་ནག་ཀྱང་ཟེར།  ཨ་སྐྱིད་ནི་བོད་སྐད་དུ་ས་སྐྱིད་པོའི་དོན་ཡིན། ལོ་རྒྱུས་ཀྱི་ཡིག་ཆ་ལ་གཞིགས་ན་ལོ2000ལྷག་གི་སྔོན་དུ་བོད་ཁུལ་དུ་བོད་ཀྱི་རྫ་ནག་བཟོ་པའི་ལག་རྩལ་ཐོན་ཡོད། 2008ལོར། རྣམ་གྲངས་དེ་རྒྱལ་ཁབ་རིམ་པའི་མངོན་མེད་ཤུལ་བཞག་རིག་གནས་ནང་འཇུག་པར་ཡིག་ཐོག་ནས་སྙན་ཞུ་བྱས་པ་རེད།
   བོད་ཀྱི་ལྕགས་རིགས་ལག་རྩལ་ལ་བསྔགས་བརྗོད་ཐོབ།བོད་ཀྱི་ལྕགས་རིགས་ལག་རྩལ་ནི་གསེར་དང་དངུལ། ཟངས། ལྕགས་བཅས་ལྕགས་རིགས་ཀྱི་རྒྱུ་ཆ་བྱས་ཤིང་། ཤིང་ཆ་དང་སྲོག་ཆགས་ཀྱི་པགས་པས་ཞོར་འདེགས་རྒྱུ་ཆ་བྱས་ནས་ཐོན་སྐྱེད་དང་ལས་སྣོན་བྱས་ཏེ། ཅ་ལག་སྣ་ཚོགས་བཟོས་པའི་ལག་ཤེས་བཟོ་རྩལ་ཞིག་ཡིན་ཞིང་། དཀར་མཛེས་ཁུལ་གྱི་ནང་ཁུལ་དུ་དཔལ་ཡུལ་ཧོར་པོའི་ལྕགས་རིགས་བརྡུངས་ནས་བཟོས་པའི་ཐོན་རྫས་དེར་སྐད་གྲགས་ཆེན་པོ་ཡོད་པ་རེད།
 བསླས་འཐག་ལག་རྩལ་རྩེ་ལ་སོན།         བོད་པའི་ནོར་ལུག་གི་སྤུ་བསླས་པའི་ལག་རྩལ་ནི་མཐོ་སྒང་གི་བལ་དང་རྩིད་ཀྱི་རྒྱུ་ཆ་བྱས་ཤིང་། འཐག་ཁྲི་དང་ལག་འཕུར་སོགས་ཀྱི་ལག་ཆར་བརྟེན་ནས་འཁལ་འཐག་དང་བསྒྲིལ་བཟོ་ལག་རྩལ་སྤྱད་ཏེ་མཚོ་བོད་མཐོ་སྒང་གི་ཁྱད་ཆོས་ལྡན་ཤིང་།  དྲོད་འཛིན་པ་དང་བརླན་འགོག་ཐུབ་པས་མ་ཚད་ཡུན་རིང་ལ་སྤྱོད་ཆོག་པའི་སྡོད་ས་དང་འཚོ་བ། ཐོན་སྐྱེད་སོགས་སུ་སྤྱོད་སྒོ་ཆོད་པའི་འཁལ་འཐག་ཐོན་རྫས་སྣ་ཚོགས་ལས་སྣོན་དང་ཐོན་སྐྱེད་བྱེད་པའི་ལག་རྩལ་ཤིག་ཡིན་པ་རེད།
  • ལེ་ཚན་སྔོན་མ།:མང་ཚོགས་ལམ་ཕྱོགས་ལག་ལེན་གྱི་ལམ་བུར།ཨ་མ་རྒན་མོའི་སྡུག་གི་ཁུར་པོ་ཐང་དུ་ཕབ།
  • ལེ་ཚན་རྗེས་མ།:བྲག་འགོ་ནས་རྟའུ་བར་གྱི་སྟོང་ཝ100ཅན་གྱི་སྐུད་ལམ་ཡང་བསྐྱར་ཐིག་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།