བོད་ཁུལ་གྱི་རྫོང་རིམ་པའི་ལས་བྱེད་པ60ཀྲེ་ཅང་ཞིང་ཆེན་ལ་ཕྱིན་ནས་ཞིབ་འཇུག་ཟབ་སྦྱོང་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2014-05-19

   ཟླ་བ5པའི་ཚེས10ཉིན།གསར་འགོད་པས་སི་ཁྲོན་བོད་ཁུལ་གྱི་རྫོང་རིམ་པའི་ཏང་སྲིད་ཚན་ཁག་གི་གྲུབ་མིའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་འགྲོ་སྔོན་གྱི་སྐུལ་སློང་ཚོགས་འདུའི་ཐོག་ནས་ནང་ཤེས་རྟོགས་བྱུང་རྒྱུར།ཐེངས་དང་པོའི་སི་ཁྲོན་བོད་ཁུལ་གྱི་རྫོང་རིམ་པའི་ཏང་སྲིད་ཚན་ཁག་གི་གྲུབ་མི་ཟབ་སྦྱོང་འཛིན་གྲྭའི་སློབ་མ་ཚོ་ཉིན་དེར་ཀྲེ་ཅང་་སྐྱོད་པ་རེད། དཀར་མཛེས་ཁུལ་དང་རྔ་བ་ཁུལ།ལིའང་ཧྲན་བོད་ཁུལ་བཅས་ནས་འོངས་པའི་རྫོང་རིམ་པའི་ཏང་སྲིད་འགོ་ཁྲིད་ལས་བྱེད་པ60དེས་ཀྲེ་ཅང་ཞིང་ཆེན་སློབ་གྲྭ་ཆེན་མོར་ཟླ་ཕྱེད་རིང་ལ་གསོ་སྐྱོང་སྦྱོང་བརྡར་དང་ཞིབ་འཇུག་ཟབ་སྦྱོང་བྱ་རྒྱུ་རེད།
      ཟབ་སྦྱོང་ནང་ཞུགས་པའི་མི60ཡི་ནང་བོད་ཁུལ་གྱི་རྫོང་ཁག20ཡི་རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གི་གཙོ་བོའི་འགན་འཁུར་བ་དང་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན།ལྗོངས་རྒྱུ་རིག་གནས་སྡེ་ཁག་བཅས་གྱི་ལས་བགོས་འགན་གཉེར་བྱེད་མཁན་གྱི་རྫོང་རིམ་པའི་འགོ་ཁྲིད་ཚན་ཁག་གི་གྲུབ་མི་རྣམས་རེད།སློབ་དུས་ཉིན15ནང་ཆེད་མཁས་པས་འཆད་ཁྲིད་དང་ཡུལ་དངོས་སུ་བརྟག་དཔྱད་བྱེད་པ། ཞིབ་འཇུག་གྲོས་བསྡུར་བཞུགས་མོལ་བཅས་བྱ་རྒྱུ་རེད།སྦྱོང་བརྡར་བྱ་རྒྱུའི་ནང་དོན་ནི་བོད་ཁུལ་དུ་དགོས་མཁོ་ཆེ་བའི་ལྗོངས་རྒྱུ་དཔལ་འབྱོར་འཕེལ་རྒྱས་དང་ཞིང་སྡེ་གསར་པ་འཛུགས་སྐྲུན།བོད་ཁུལ་གྱི་དུས་ཡུན་རིང་པོའི་འཕེལ་རྒྱས་ནང་དགོས་མཁོ་ཆེ་བའི་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་དང་རིག་གནས་ཐོན་རྫས་གསར་སྦོལ་དང་།གཞན་ཡང་བོད་ཁུལ་གྱི་ལས་བྱེད་པར་དགོས་ངེས་ཀྱི་འགོ་ཁྲིད་བྱང་ཚད་དང་འཇོན་ནུས་གསོ་སྐྱོང་བྱ་རྒྱུ་བཅས་རེད།ཀྲེ་ཅང་ཞིང་ཆེན་གྱི་འཕེལ་རྒྱས་གཏོང་བའི་འདུ་ཤེས་དང་གསར་སྐྲུན་གྱི་སྙིང་སྟོབས།ཐབས་ཤེས་བསམ་ཕྱོགས་བཅས་ལ་སློབ་སྦྱོང་བྱས་པར་བརྒྱུད་རྫོང་རིམ་པའི་འགོ་ཁྲིད་ཚན་ཁག་གིས་བོད་ཁུལ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་རྒྱུ་དང་འཕེལ་རྒྱས་ཇེ་མགྱོ གས་སུ་གཏོང་རྒྱུའི་འཇོན་ནུས་ཇེ་དྲག་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།
  • ལེ་ཚན་སྔོན་མ།:སྐབས་བཅུ་པའི་རིག་གནས་དངོས་མང་བཤམས་སྟོན་གྱི་རང་ཁུལ་གྱི་འཐུས་མི་ཚོགས་པས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་
  • ལེ་ཚན་རྗེས་མ།: ཕྱག་ཕྲེང་རྫོང་གིས་ལས་བྱེད་པ་དང་མང་ཚོགས་བར་སེམས་མཐུན་གྱི་ཟམ་པ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།