བདེ་ཆེན་ཁུལ་དུ་ད་ལོའི་ཚོགས་ཆེན་གཉིས་ཀྱིས་གྲོན་ཆུང་བརྗོད་བྱ་གཙོ་བོར་འཛིན་པ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2014-04-03

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་དང་། ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་བཞི་པ་གཟབ་རྒྱས་ངང་འཚོགས་པ། གྲོས་ཚོགས་དེ་གཉིས་ཀྱི་ཐོག མེ་ཏོག་སོས་པ་མེད་པ་དང་། གཏེར་ཆུ་མེད་པ། དར་ཆ་དང་སྦྱར་ཡིག་ཀྱང་མེད་པ་རེད།

སྟབས་བདེ་དང་བབ་ཆགས་ནི་ད་ལོའི་ཚོགས་ཆེན་གཉིས་ཀྱི་ནང་དོན་གཙོ་བོར་གྱུར་ཡོད།

ད་ལོར་སྲིད་གྲོས་ཚོགས་འདུ་དང་མི་དམངས་འཐུས་མིའི་ཚོགས་ཆེན་གྱིའཚོག་ཡུན་ཉིན་གསུམ་དང་ཕྱེད་ཀར་ཐུང་དུ་གཏོང་ཡོད། འགོ་ཁྲིད་ཀྱིས་ཨུ་ཡོན་ལ་འཚམས་འདྲི་ཞུ་བའི་ལྷུ་ཚིགས་དེ་མེད་པར་བཟོས་ཡོད། དུས་མཚུངས་སུ། གྲོས་ཚོགས་ཀྱི་བར་སྐབས་སུ་གསོལ་སྟོན་འདྲེན་རྒྱུ་མེད་པར་བཟོད་ཡོད།

སྲིད་གྲོས་ཨུ་ཡོན་གྱི་དཔྱད་ཡིག་ཁུག་མའི་ནང་དུ། གྲོས་ཚོགས་ཀྱི་གྲོས་རིམ་གཅིག་དང་གྲོས་ཚོགས་སྐོར་གྱི་ཤེས་བྱ་གཅིག སྙན་ཞུ་གཉིས། འབྲི་དེབ་གཅིག་བཅས་ལས་མེད། ད་ལོར་སྲིད་གྲོས་ཨུ་ཡོན་གྱིས་ཚོ་ཆུང་བགོས་ཏེ་གྲོས་མོལ་བྱས་པར་གསར་འགྱུར་གནད་བསྡུས་གཅིག་ལས་འབྲི་རྒྱུ་མེད་ལ། གཅིག་བསྡུས་ཀྱིས་གྲོས་མོལ་གནས་ཚུལ་མཚོན་རྒྱུ།

གྲོས་ཚོགས་ཀྱི་སྣེ་ལེན་ཚད་གཞིའི་ཐད་དུ། སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པས་ད་ལོར་ནོར་སྲིད་ཅུས་ཀྱིས་གཏན་འབེབས་བྱས་པའི་ཇུས་གཞི་ལ་གཞིགས་ནས།་གཞི་རིམ་ཨུ་ཡོན་གྱི་ཁ་གསབ་རོགས་དངུལ་སྔ་མའི་སྒོར40ནས་སྒོར100འཕར་ཡོད། དེ་ལས་གཞན་སྡོད་ས་དང་ཟ་མ་ནི་དེ་སྔའི་ཚད་གཞི་ལྟར་ལག་བསྟར་བྱས་པ་རེད།

ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་བཞི་པས་གསར་འགྱུར་དྲིལ་བསྒྲགས(སྤེལ་གཏོང་)ལེགས་སུ་བཏང་ནས། འཐུས་མིས་ལས་འགན་སྒྲུབ་པའི་གནས་ཚུལ་དང་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་པའི་གནད་དོན་འགོད་པ(སྤེལ་གཏོང་)ལ་དོ་སྣང་བྱེད་པ་དང་། འགོད་པའི(སྤེལ་གཏོང་)དུས་ཚོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་སྐོར་ལ་དོ་སྣང་བྱས་ཡོད།  ། 

  • ལེ་ཚན་སྔོན་མ།:ཡུས་ཀྲིན་ཧྲིན་གྱིས་ཞིན་ཅང་གི་བྱ་བར་གཟིགས་ཞིབ་མཛད།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་སྐད་གཉིས་སློབ་གསོའི་ཕྱོགས་ལ་ཤུགས་བསྣན་པ།
  • དོ་སྣང་ཆེ་བའི་རྩོམ།