2013ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་ཤེས་བྱའི་བདག་དབང་དོ་དམ་བྱ་བར་ཤུགས་སྣོན་པ་དང་། རྫོང་ཡོངས་ཀྱི་ཤེས་བྱའི་བདག་དབང་དོ་དམ་བྱ་བར་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད།
རྫོང་ཡོངས་ཀྱི་ཤེས་བྱར་སྲུང་སྐྱོང་དང་བརྩི་བཀུར་བྱེད་པའི་འདུ་ཤེས་མཐོར་འདེགས་སུ་གཏོང་ཆེད། སེམས་ཀྱི་ཉི་ཟླ་རྫོང་གིས་བདེ་ཆེན་ཁུལ་ཤེས་བྱའི་བདག་དབང་ཅུའུ་དང་ལྷན་དུ“ཤེས་བྱའི་བདག་དབང་རིག་གནས་གསོ་སྐྱོང་བྱས་ཏེ། སྤྱི་ཚོགས་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ”ཞེས་བརྗོད་དོན་ཡིན་པའི་ཤེས་བྱའི་བདག་དབང་དྲིལ་བསྒྲགས་གཟའ་འཁོར་བྱ་འགུལ་སྤེལ།
དུས་མཚུངས་སུ། སེམས་ཀྱི་ཉི་ཟླ་རྫོང་གིས་ནན་ཏན་སྒོས་ཁེ་ལས་རྩ་འཛུགས་བྱས་ཏེ་ཆེད་ཁེ་སྙན་ཞུ་བྱ་བ་ལེགས་པོ་སྒྲུབ་པ་དང་། དུས་ལྟར་ཁེ་ལས་དག་ལ་ཆེད་ཁེ་སྙན་ཞུ་ཕུལ་བའི་སྲིད་ཇུས་དང་ཤེས་བྱ། སྒྲིག་རིམ་སོགས་དྲིལ་བསྒྲགས་བྱས་པ་བརྒྱུད། 2013ལོར། རྫོང་ཡོངས་ནས་བསྡོམས་པས་ཆེད་ཁེ19སྙན་ཞུ་ཕུལ་བར་རྩ་འཛུགས་བྱས་པ་དང་ཆེད་ཁེ18ལ་ཆོག་མཆན་བཀོལ།