སེམས་ཀྱི་ཉི་ཟླ་རྫོང་གིས་ཕྱོགས་ཡོངས་ནས་ཞིང་ལས་རོགས་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2014-02-20

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས“ཞིང་གསུམ”གནད་དོན་ཐག་གཅོད་བྱེད་པ་ནི་བྱ་བ་ཀུན་གྱི་གཙོ་གནད་དུ་འཇོག་པར་རྒྱུན་འཁྱོངས་བྱས་ཏེ།  སྤྱི་ཚོགས་རིང་ལུགས་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པར་གཞིར་བྱས་ཐོག  “ཞིང་སྡེའི་འཕེལ་རྒྱས་དང་ཞིང་ལས་འཕར་སྣོན། ཞིང་བའི་ཡོང་སྒོ་འཕར་བར”གཙོར་བཟུང་བ་དང་།  ཕྱོགས་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན་གྱི་ཞིང་ལས་རོགས་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས།  2013ལོར་སེམས་ཀྱི་ཉི་ཟླ་རྫོང་གིས་ས་བོན་ཕྱོགས་ཀྱི་ཁ་གསབ་དང་ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་སོགས་རྣམ་གྲངས་ལག་བསྟར་བྱས་ཤིང་།  ཁ་གསབ་རོགས་དངུལ་སྒོར་ཁྲི2498.823ལ་སླེབས།

ཉེ་བའི་ལོ་འགའི་རིང་།  ཀྲུང་དབྱང་ནོར་སྲིད་ཀྱིས་སྔར་ལས་ལྷག་པར་ཞིང་ལས་ཐད་མ་དངུལ་འབོར་ཆེན་བཏང་བ་དང་།  རྒྱལ་ཁབ་ནོར་སྲིད་ཀྱིས་ཀྱང“ཞིང་གསུམ”ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་རྒྱུན་ཆད་མེད་པར་གསར་སྐྲུན་བྱས་པས།  སེམས་ཀྱི་ཉི་ཟླ་རྫོང་གི་ཞིང་སྡེའི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཆ་རྐྱེན་ལེགས་པོ་སྐྲུན་ཞིང་།  ཞིང་ལས་འཕར་སྣོན་དང་ཞིང་བའི་ཡོང་སྒོ་འཕར་བ།  ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་བཅས་ལ་རྨང་གཞི་བརྟན་པོ་བཏིངས།  ། 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་ཤེས་བྱའི་བདག་དབང་དོ་དམ་བྱ་བར་ཤུགས་སྣོན་པ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་ཤེས་རིག་ཐོན་དབང་གི་དོ་དམ་ལ་ཤུགས་རྒྱག་པ།
  • དོ་སྣང་ཆེ་བའི་རྩོམ།