སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2014-01-15
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཡུན་ནན་ཞིང་ཆེན་ནགས་ལས་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་།ཞིང་ཆེན་མཁོ་འཚོང་མཉམ་ལས་ཧྲི་བཅས་ཀྱིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་གི་གུང་རྒྱལ་དམངས་ཕན་སྟར་གའི་འདེབས་འཛུགས་ཞིང་པའི་ཆེད་ལས་མཁོ་འཚོང་མཉམ་ལས་ཧྲི་དང་འབའ་ལུང་སན་ཧོ་སྦྲང་མའི་གསོ་སྤེལ་ཆེད་ལས་མཉམ་ལས་ཧྲི།སེམས་ཀྱི་ཉི་ཟླ་རྫོང་སྟག་མཆོང་གྲོག་རོང་གྲོང་རྡལ་ཅིན་ཞིན་ཧྲི་ཀིང་ཏི་ཕྱོགས་བསྡུས་འདེབས་འཛུགས་ཞིང་པའི་ཆེས་ལས་མཉམ་ལས་ཧྲི།སེམས་ཀྱི་ཉི་ཟླ་རྫོང་གཏོར་མ་རོང་ཤང་སྤང་མགོ་ལུང་གསོ་སྤེལ་ཞིང་པའི་ཆེད་ལས་ཧྲི་བཅས་ལ་འབོར་ཐེངས་གཉིས་པའི་ཡུན་ནན་ཞིང་ཆེན་ནགས་ལས་ཞིང་པའི་ཆེད་ལས་མཉམ་ལས་ཧྲིའི་ཞིང་ཆེན་རིམ་པའི་དཔེ་སྟོན་ཧྲི་རུ་ཆོག་མཆན་བཀོད་པ་རེད།
གཏན་འབེབས་ལས་ཀ་དེ།《ཡུན་ནན་ཞིང་ཆེན་གྱི་ནགས་ལས་ཞིང་པའི་ཆེད་ལས་མཉམ་ལས་ཧྲིའི་ཞིང་ཆེན་རིམ་པའི་དཔེ་སྟོན་ཧྲིའི་གཏན་འབེབས་དང་དོ་དམ་བྱ་ཐབས》ལ་གཞིགས་ནས།ཁུལ་དང་རྫོང་ནགས་ལས།ནོར་སྲིད།མཁོ་འཚོང་མཉམ་ལས་ཧྲི་བཅས་ཀྱིས་སྒྲིག་འཛུགས་གཟབ་ནན་བྱས་པ་དང་།ནགས་ལས་ཞིང་པས་རང་མོས་ཀྱིས་ཡིག་ཐོག་སྙན་ཞུས་པ།ཁུལ་དང་རྫོང་གིས་ཐོག་མའི་ཞིབ་བཤེར་འོས་སྦྱོར་བྱས་པ།ཞིང་ཆེན་རིམ་པའི་བསྐྱར་ཞིབ་དང་ལས་ཡུལ་དངོས་སུ་འཐེན་ཞིབ་བྱས་པ།གྲོས་ཚོགས་ཐོག་ཞིབ་དཔྱད་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་ནས་བསྒྲུབས་པ་རེད།
མིག་སྔར། བདེ་ཆེན་ཁུལ་གྱིས་གཞུང་སར་ཐོ་འགོད་པའི་ནགས་ལས་ཞིང་པའི་ཆེད་ལས་མཉམ་ལས་ཧྲི་ནི་དུད་ཚང་365ཡོད་ལ།ཞིང་ཆེན་རིམ་པའི་ནགས་ལས་ཞིང་པའི་ཆེད་ལས་མཉམ་ལས་ཧྲིའི་དཔེ་སྟོན་ཧྲི་དུད་ཚང་6ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10