བདེ་ཆེན་ཁུལ་གྱིས་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ།

ཚེ་རིང་རྒྱ་མཚོས་བསྒྱུར།        2014-01-09

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་དམངས་ཀྱི་འཚོ་བ་གཙོར་འཛིན་པ་དང་།  ཤེས་ལྡན་འཇོན་མིའི་བྱ་བ་དམིགས་བསལ་དུ་བཟུང་དེ། འཇོན་མིར་བརྟེན་ནས་ཁུལ་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་ལག་བསྟར་བྱས་པས།འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཕན་འབྲས་ཐོབ།
 ལོ་དེར།  བདེ་ཆེན་ཁུལ་གྱི་མི་ཤུགས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་གཅིག་ནས་འཇོན་མིའི་གསོ་སྐྱོང་དང་འདེམས་འཐེན་བྱ་བ་ལེགས་པོ་སྒྲུབ་པ་དང་།  བསྡོམས་པས་དམའ་རིམ་དང་འབྲིང་རིམ།  མཐོ་རིམ་ལས་གནས་འཇོན་མི616ཞིབ་དཔྱད་འོས་སྦྱོར་བྱས། གཉིས་ནས་སྔར་ལས་ལས་དོན་ལས་ཁུངས་ཀྱི་ཤེས་ལྡན་མི་སྣ་གདན་ཞུའི་ནུས་ཤུགས་ཇེ་ཆེར་བཏང་སྟེ།  བསྡོམས་པས་ཤེས་ལྡན་མི་སྣ427གདན་ཞུ་བྱས་པ་དང་།  སློབ་གྲྭ་ཆེན་མོ་བའི་སྡེ་དཔོན་དང་ཆེད་བསྡུ་དགེ་རྒན།  ནུབ་རྒྱུད་འོད་ཟེར་འཆར་གཞི་བྱ་བ་ལེགས་པོ་སྒྲུབ་པ་དང་།  དམག་ཁུངས་ནས་ཕྱིར་ཐོན་པའི་དམག་མི40ལྷག་གི་ལས་ཞུགས་རྒྱུགས་གཞི་བཀོད་སྒྲིག་བྱས།  གསུམ་ནས་ཕྱི་རྒྱལ་ནས་ཆེད་ལས་མཁས་པ་གདན་ཞུ་བྱེད་པར་ཕན་འབྲས་ཐོབ་ཡོད་པ་དང་།  སྔར་ལས་ལྷག་པར་ཕྱི་རྒྱལ་གྱི་ཆེད་མཁས་དོ་དམ་བྱེད་པའི་བྱ་བ་ལེགས་པོ་སྒྲུབ། བཞི་ནས་དམག་མི་ལས་སྤོ་བྱ་བའི་དོ་དམ་ལ་ཤུགས་བསྣན་པ་དང་།  དུས་ལྟར་དམག་མི་ལས་སྤོ་མཁན19ལ་བྱ་བ་བཀོད་སྒྲིག་བྱས།  ། 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གི་བགྲེས་པོའི་ཁ་གསབ་ཚད་གཞི་ཡང་བསྐྱར་ཇེ་མཐོར་བཏང་བ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་ལ་ཞིང་ཆེན་རིམ་པའི་ཞིང་ནགས་ཆེད་ལས་མཉམ་ལས་དཔེ་སྟོན་ཧྲི་5གསར་དུ་བསྣན་པ།
  • དོ་སྣང་ཆེ་བའི་རྩོམ།