སེམས་ཀྱི་ཉི་ཟླ་རྫོང་གིས་སློབ་གྲྭའི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་པ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2014-01-02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ད་ལོ་ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་གིས་སློབ་གྲྭའི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས། འཆམ་མཐུན་བདེ་འཇགས་ཀྱི་སློབ་གྲྭ་བཙུགས་ཏེ། ནན་ཏན་གྱིས་སློབ་གྲྭའི་བདེ་འཇགས་ལ་ཁག་ཐེག་བྱས་པ་རེད།

ནན་ཏན་གྱིས་དགེ་རྒན་དང་སློབ་མའི་ཚེ་སྲོག་དང་སློབ་གྲྭའི་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱས་པ་དང་། རྒྱུན་ལྡན་གྱི་སློབ་གསོའི་གོ་རིམ་སྲུང་སྐྱོང་བྱས་ནས། སློབ་གསོའི་བྱ་བཞག་བརྟན་པོའི་ངང་གོང་སྤེལ་གཏོང་ཆེད།《སློབ་འབྲིང་དང་སློབ་ཆུང་དང་བྱིས་པ་ཁང་གི་བདེ་འཇགས་དོ་དམ་གྱི་བྱ་ཐབས》དང་། གོང་རིམ་གྱི་འབྲེལ་ཡོད་ཡིག་ཆ་དང་གྲོས་ཚོགས་ཀྱི་དགོངས་དོན་ལ་གཞིགས་ནས། ནན་ཏན་གྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྤྱི་ཚོགས་བདེ་འཇགས་ཀྱི་ཕྱོགས་བསྡུས་ལེགས་སྒྲིག་ལས་ཀའི་དམིགས་འབེན་ལས་འགན་ཁག་དོན་འཁྱོལ་བྱས་པ་དང་། སློབ་གསོ་མ་ལག་གི་ཕྱོགས་བསྡུས་ལེགས་སྒྲིག་ལས་ཀ་ཡག་པོ་བསྒྲུབས་པ། སློབ་གྲྭའི་བདེ་འཇགས་དོ་དམ་དང་སློབ་གྲྭའི་མཐའ་སྐོར་ཁོར་ཡུག་གི་ཕྱོགས་བསྡུས་ལེགས་སྒྲིག་ལ་མཐོང་ཆེན་བྱས་པ། འཆམ་མཐུན་བརྟན་བརླིང་སྲུང་བ་དང་ལག་བསྟར་བྱེད་པའི་ལས་འགན་དང་པོ་ལག་ལེན་བྱས་པ། སློབ་གྲྭའི་བདེ་འཇགས་ལས་ཀ་དེ་གལ་ཆེའི་ཆབ་སྲིད་ལས་འགན་དུ་བཞག་སྟེ། ནུས་པ་ཐོན་པས་སློབ་གྲྭའི་བདེ་འཇགས་གྱོ ད་དོན་བྱུང་བར་སྔོན་འགོག་བྱས་པ་རེད།

ནན་ཏན་གྱིས“8·28” དང་“8·31”ཡོམ་འགོག་གནོད་སྐྱོབ་བྱེད་པའི་ལས་ཀ་ཡག་པོ་བསྒྲུབས་པ། “8·28” དང་ “8·31”ས་འགུལ་བྱུང་རྗེས། ས་འགུལ་གྱི་གནོད་སྐྱོན་ཐེབས་པའི་སློབ་གྲྭའི་བསྐྱར་སྐྲུན་སླར་གསོ་ལས་ཀ་ཡག་པོ་བསྒྲུབས་པ་དང་། སློབ་གྲྭས་སློབ་འགོ་ཚུགས་པ། སློབ་གྲྭར་བསྐྱར་ཞུགས་བྱེད་པའི་ལས་ཀ་བཀོད་སྒྲིག་བྱས་པ་མ་ཟད་། ད་དུང་ཡོམ་འགོག་རྒུད་སྐྱོབ་ཀྱི་ཁྲིད་སྟོན་ལྟེ་གནས་ལ་ཉིན་བཞིན་སློབ་གྲྭའི་གནོད་སྐྱོན་ཐེབས་པའི་གནས་ཚུལ་བསྡོམས་རྩིས་བྱས་ནས་སྙན་སེང་ཞུས་པ། དུས་མཚུངས་སུ་སློབ་གྲྭས་འགོ་ཁྲིད་ཚོ་ཆུང་བཙུགས་ནས། ཡོམ་འགོག་གི་ལག་བསྟར་ཇུས་གཞི་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལེབ་བཤེར་བྱེད་པའི་ལས་ཀ་ཡག་པོ་བསྒྲུབས་པ་དང་སློབ་གྲྭས་སློབ་མ་རྣམས་ལ་རང་སྐྱོབ་ཤེས་བྱ་ཁྲིད་སྟོན་བྱས་ནས། དགེ་རྒན་དང་སློབ་མའི་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཚགས་པར་ཁང་གིས་དབུལ་སྐྱོར་ཁ་གཏད་བྱེད་ཡུལ་ནས་གཅེས་སེམས་ཕུལ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱི་མང་ཚོགས་དཀའ་ཁག་ཅན་ཁྲི14ལ་སྤྱི་ཚོགས་འགན་སྲུང་ཐོབ་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།