བདེ་ཆེན་ཚགས་པར་ཁང་གིས་དབུལ་སྐྱོར་ཁ་གཏད་བྱེད་ཡུལ་ནས་གཅེས་སེམས་ཕུལ།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2013-12-31

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  2014ལུགས་གསར་དང་ལུགས་རྙིང་ལོ་སར་ཐོན་ལ་ཉེ་སྐབས།  བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་ཏང་ཡོན་ལས་བྱེད་པ་རྣམས་དབུལ་སྐྱོར་ཁ་གཏད་བྱེད་ཡུལ་འབའ་ལུང་རྫོང་འབྲོང་ལོ་ཤང་དགའ་ལོ་སྡེ་བའི་དབུལ་སྐྱོར་བྱེད་ཡུལ་དུད་ཁྱིམ་དང་དབུལ་ཕོངས་སློབ་མར་རོགས་དངུལ་ཞལ་འདེབས་ཕུལ་བ་དང་།  བསྡོམས་པས་གཅེས་སེམས་རོགས་དངུལ་སྒོར་ཁྲི12000ཧྲག་བསྡུ་བྱས།  ཟླ12པའི་ཚེས27ཉིན།  བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་འཚམས་འདྲི་ཚན་ཆུང་དགའ་ལོ་སྡེ་བ་རུ་སོང་ནས་དབུལ་ཕོངས་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་།  འཚམས་འདྲིའི་ལག་དངུལ་འགྲེམ་གཏོང་བྱས། 
ཤེས་གསལ་བྱུང་བ་ལྟར་ན།  ཉེ་བའི་ལོ་འགའི་རིང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་སྔར་ལས་ལྷག་པར་དབུལ་སྐྱོར་ཁ་གཏད་བྱེད་ཡུལ་གྱི་དབུལ་སྐྱོར་བྱ་བར་ཤུགས་སྣོན་པ་དང་།  ལོ་རེར་ལས་བྱེད་མི་སྣ་ཡོངས་ལ་འབོད་སྐུལ་བཏང་སྟེ་རོགས་དངུལ་དང་དངོས་ཟོག་ཞལ་འདེབས་སུ་ཕུལ་དུ་འཇུག་པ་མ་ཟད།  ལུས་ཁུངས་ཀྱིས་ད་དུང་བྱ་བའི་ཚན་ཆུང་མངགས་ནས་དབུལ་སྐྱོར་ཁ་གཏད་བྱེད་ཡུལ་ཏུ་དབུལ་ཕོངས་སྡེ་བ་དང་ཁྱིམ་ཚང་།  སློབ་གྲྭ་ཆེན་མོ་བ་བཅས་ལ་འཚམས་འདྲི་དང་བརྟག་དཔྱད་བྱས་པ་དང་།  ཁ་གཏད་བྱེད་ཡུལ་སྡེ་བའི་ལས་བྱེད་པ་དང་སྡེ་མིའི་འཐུས་མི།  ཁྱིམ་ཚང་དབུལ་ཕོངས་སོགས་དང་ཁ་བརྡ་གླེང་མོལ་བྱས་པ་བརྒྱུད།  ས་དེའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་དང་སྡེ་མིའི་ཐོན་སྐྱེད་འཚོ་བའི་ཁྲོད་གནས་པའི་དཀའ་ཁག་བཅས་འབྱུང་རྐྱེན་རྒྱུས་ལོན་བྱས་ནས།  མཉམ་གཅིག་ཏུ་འཕེལ་རྒྱས་ཀྱི་བགྲོད་ལམ་དང་བྱེད་ཐབས་གྲོས་བསྡུར་བྱས་པ་དང་།  སྔར་ལས་ལྷག་པར་ལས་ཁུངས་དང་དབུལ་ཕོངས་སྡེ་བ། ཁྱིམ་ཚང་དབུལ་བོར་འབྲེལ་གཏུགས་བྱེད་པར་ཤུགས་བསྣན་པ་རེད།  །  
  • ལེ་ཚན་སྔོན་མ།:འཇོལ་རྫོང་དང་འབའ་ལུང་རྫོང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སློབ་སྦྱོང་བ
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་གིས་སློབ་གྲྭའི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་པ།
  • དོ་སྣང་ཆེ་བའི་རྩོམ།