སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2013-12-20
ཤེས་རྟོགས་བྱུང་བར་གཞིགས་ན།མཐུན་སྦྱོར་ཚོ་ཆུང་གིས་ཁུལ་མི་དམངས་སྲིད་གཞུང་གིས་འགོ་ཁྲིད་འོག མཐུན་སྦྱོར་དང་ཐག་གཅོད་པའི་འགན་ནུས་བསྒྱུར་བ་དང་སྲིད་འཛིན་གྱི་ཞིབ་བཤེར་མཆན་འགོད་ལམ་ལུགས་བསྒྱུར་བཅོས་ཁྲོད་ཀྱི་གལ་ཆེའི་ལས་གཞིའི་མཐུན་སྦྱོར་ཐག་གཅོད་ལས་འགན་འཁུར་རྒྱུ་ཡིན་ཞིང་།ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོས་ཏན་ཏིག་གིས་འགན་ནུས་བསྒྱུར་བ་དང་སྲིད་འཛིན་ཞིབ་བཤེར་མཆན་འགོད་ལམ་ལུགས་ཀྱི་བསྒྱུར་བཅོས་འགན་འཁྲི་ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་པ།འགན་ནུས་བསྒྱུར་བ་དང་སྲིད་འཛིན་ཞིབ་བཤེར་མཆན་འགོད་ལམ་ལུགས་བསྒྱུར་བཅོས་ཐད་ཀྱི་འབྲེལ་ཡོད་གནད་དོན་ཆེན་མོ་ཞིབ་འཇུག་བྱེད་པ།ཁུལ་མི་དམངས་སྲིད་གཞུང་རྒྱུན་ལས་གྲོས་ཚོགས་ཀྱིས་གྲོས་ཞིབ་བྱེད་རྒྱུར་འབུལ་བའི་འགན་ནུས་བསྒྱུར་བ་དང་།སྲིད་འཛིན་གྱི་ཞིབ་བཤེར་མཆན་འགོད་ལམ་ལུགས་བསྒྱུར་བཅོས་གཏོང་བའི་དོན་དག་གཏན་འབེབས་བྱེད་པའི་ལས་འགན་བཅས་འཁུར་རྒྱུ་རེད།མཐུན་སྦྱོར་ཚོ་ཆུང་དེ་ལོགས་སུ་དོན་གཅོད་ལས་ཁུངས་བཀོད་སྒྲིག་བྱས་མེད་པས།རྒྱུན་ལྡན་གྱི་ལས་ཀ་དེ་ཁུལ་ཨུའི་སྒྲིག་ཁུངས་མི་གྲངས་གཞུང་ལས་ཁང་གིས་སྒྲུབ་འགན་འཁུར་རྒྱུ་རེད།མཐུན་སྦྱོར་ཚོ་ཆུང་བཙུགས་རྗེས།ཁྲིམས་ལྟར་སྲིད་སྐྱོང་བའི་ནུས་ཤུགས་མཐོ་རུ་གཏོང་ཐུབ་པ་དང་།ཁྲིམས་འཛིན་ཆུ་ཚད་མཐོ་རུ་གཏོང་བ་དང་རང་ཁུལ་སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་གནས་བབ་ལེགས་སུ་གཏོང་ཐུབ་པས།སྲིད་འཛིན་གྱི་ཆོག་མཆན་འགོད་དབང་གི་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་དང་རང་ཁུལ་སྲིད་གཞུང་ལས་ཁུངས་ཀྱི་འགན་ནུས་བསྒྱུར་བའི་ལས་ཀར་རྩ་འཛུགས་ཐོག་གི་འགན་སྲུང་བྱས་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10