སེམས་ཀྱི་ཉི་ཟླའི་ས་འགུལ་གྱི་རྨས་མ་ལྗིད་མོ་མི3དྲག་བསྐྱེད་བྱུང་བཞིན་པ་དང་རྨས་མ་ཡང་མོ་མི12སྨན་ཁང་ལས་བུད། 

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2013-09-13

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླའི་མི་དམངས་སྨན་ཁང་ན་བསྡད་ཡོད་པའི་ས་འགུལ་གྱི་རྨས་མ་ལྗིད་མོ་མི3ལ་གཤགས་བཅོས་བྱས་ནས་སྨན་བཅོས་བྱེད་བཞིན་ཡོད་ལ། ཚེ་སྲོག་གི་ཉེན་ཁ་ལས་ཐར་ཡོད།
ཟླ9བའི་ཚེས5ཉིན། ལོ་ན14ཡིན་པའི་དམའ་འབྲིང་ལོ་རིམ་དང་པོའི་སློབ་མ་རྡོ་རྗེ་ལྷ་མོ་གཤགས་བཅོས་བྱས་ནས་སྨན་བཅོས་བྱས་པ་དང་། ནད་ལྗིད་མོའི་ལྟ་སྐུལ་སྲུང་སྐྱོབ་ཁང་ནས་སྤྱིར་བཏང་གི་ནད་ཁང་དུ་གནས་སྤར་ཞིང་།  དྲག་བསྐྱེད་རང་བཞིན་གྱི་སྨན་བཅོས་བྱེད་བཞིན་ཡོད། ལོ་ན28ལོན་པའི་ཀྲང་ཧྲའོ་ནན་དང་། ལོ་ན30ལོན་པའི་ལུའི་ཡན་གཉིས་ནི་སོ་སོར་ཧྲིན་ཡང་དང་ཀྲིན་ཀྲོའུ་ནས་ཡོང་བ་ཡིན་ཞིང་། སེམས་ཀྱི་ཉི་ཟླ་ནས་ཡུལ་སྐོར་བྱེད་པའི་ལམ་བར་དུ་ས་འགུལ་བྱུང་ཞིང་རི་ནས་རྡོ་ཉིལ་ཏེ་རྨས་ཕོག་ལ། སྐབས་ཐོག་ཏུ་སྨན་ཁང་དུ་བསྐྱལ་ཡང་། རྨས་ཕོག་པ་ཅུང་ཚབས་ཆེ་བས་ནད་གཞི་ལྗིད་མོའི་ནད་ཁང་དུ་བཀོད་སྒྲིག་བྱས།
སྨན་ཁང་གི་སྨན་པས་ངོ་སྤྲོད་བྱེད་དོན། ཟླ8པའི་ཚེས31ཉིན་གྱི་སྔ་དྲོར། རྨས་མ་ཐོན་མ་ཐག་སྨན་ཁང་གི་ཕྱོགས་ནས་ཁོ་ཚོར་མྱུར་དུ་བརྟག་དཔྱད་བྱས་པ་ན། རྡོ་རྗེ་ལྷ་མོ་དང་། ཀྲང་ཧྲའོ་ནན། ལུའི་ཡན་བཅས་ཀྱི་རྐང་བའི་རུས་པ་བཅག་ཡོད་པ་དང་། ཚད་རིམ་མི་འདྲ་བའི་རྨས་ཕོག་ཡོད་པས་ནད་ལྗིད་མོའི་ལྟ་སྐུལ་སྲུང་སྐྱོབ་ཁང་དུ་བསྡད་ཡོད། ཟླ9བའི་ཚེས4ཉིན། ཀྲང་ཧྲའོ་ནན་དང་ལུའི་ཡན་གཉིས་ལ་གཤགས་བཅོས་བྱས་པ་དང་། སྨན་པ་རྣམས་ཀྱི་འབད་བརྩོན་བྱས་འོག  གཤགས་བཅོས་བྱས་པ་བདེ་བླག་ཡིན་ཞིང་།  གཤགས་བཅོས་བྱས་ཚར་རྗེས་ཁོ་གཉིས་ཀ་སྤྱིར་བཏང་དུ་ནད་ཁང་དུ་གནས་སྤར་བ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། “8.28”ས་འགུལ་དང་།“8.31”ས་འགུལ་ཁྲོད། བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླའི་མི་དམངས་སྨན་ཁང་གིས་བསྡོམས་པས་རྨས་མ29དང་ལེན་བྱས་པ་དང་། མིག་སྔར་རྨས་མ12སྨན་ཁང་ལས་བུད་པ་དང་། རྨས་མ17གྱིས་སྨན་བཅོས་བྱེད་བཞིན་ཡོད། དེའི་ཁྲོད་དུ་རྨས་མ་ལྗིད་མོ་མི6ཡོད། རྨས་མ་ལྗིད་མོའི་ཁྲོད་དུ་མི3ལ་གཤགས་བཅོས་བྱས་ཚར་ནས་སྤྱིར་བཏང་གི་ནད་ཁང་དུ་གནས་སྤར་ཡོད་ལ། རྨས་མ་མི1ཚེས8ཉིན་གྱི་ཕྱི་དྲོར་གོང་རིམ་སྨན་ཁང་ལ་གནས་སྤར་ནས་སྨན་བཅོས་བྱེད་བཞིན་ཡོད། གཞན་པའི་རྨས་མ་ལྗིད་མོ2ལ་ཚེ་སྲོག་གི་ཉེན་ཁ་མེད་ཅིང་སྨན་ཁང་གི་ཕྱོགས་ནས་ནུས་པ་གང་ཡོད་ཀྱིས་སྨན་བཅོས་བྱེད་བཞིན་ཡོད།  །  
  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས་བྱ་ཐབས་སྣ་མང་སྤྱད་དེ་ས་འགུལ་བྱུང་ཁུལ་གྱི་བཟའ་བཏུང་དང་སྨན་སྤྱོད་བདེ་འཇགས་ལ་ཁག་ཐེག་བྱ
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཚོགས་ཁག་གིས་ཞབས་འདེགས་ཞུ་སའི་སྤུས་ཚད་མཐོ་རུ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།