སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། 2013-09-10
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས7ཉིན་གྱི་ཕྱི་དྲོའི་ཆུ་ཚོད5བར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཉི་ཤར་ཤང་ཙུའུ་ཧྲི་དང་། མཁར་ཏང་། བདེ་སྐྱིད་བཅས་གྲོང་སྡེ3གྱི་གཞུང་ལམ་ལ་གནོད་སྐྱོན་ཅུང་ཆེན་པོ་ཐེབས་པ། མིག་སྔར་ཤར་གཏོང་བྱེད་ཐུབ་མེད། འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱི་གཞུང་ལམ་ལ་སྟབས་བདེའི་བགྲོད་ལམ་གཤོར་ཚར། འོན་ཀྱང་རི་ཉིལ་བ་དང་རྡོ་སོགས་རི་ཐོག་ནས་ཟགས་ནས་ཉེན་ཁ་ཆེན་པོ་ལྡན་པས། ལམ་དེར་འགྲིལ་འགྲུལ་རྩིས་སྤྲོད་དོ་དམ་བྱེད་བཞིན་ཡོད། སྐད་ཚག་ཤང་གི་གྲོང་སྡེའི་གཞུང་ལམ་སྤྱི་ལེ80ལྷག་ལ་གནོད་སྐྱོན་ཐེབས་པ་དང་ཟམ་པ1གཏོར་བརླག་གཏོང་བ། གྲོང་མི་ཚོ་ཆུང་6གི་འཕྲོད་བསྟེན་ལམ་དང་སའི་ལམ་སྟོང་སྨི23.7ལ་གནོད་སྐྱོན་ཐེབས་ཡོད། རྒྱལ་ཐང་གྲོང་རྡལ་གྱི་གྲོང་སྡེའི་གཞུང་ལམ་འགར་རིམ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས་ཡོད་ལ། མྱུར་བཅོས་བྱས་པར་བརྒྱུད་ནས་ཕལ་ཆེར་ཤར་བགྲོད་ཐུབ་པ། ལྔ་ཤོག་ཤང་གི་གྲོང་སྡེའི་གཞུང་ལམ་ཁ་ཤས་ཀྱི་ལམ་གཞི་མར་རྡིབ་པ་དང་རི་ཉིལ་ནས་ཤར་བགྲོད་མི་ཐུབ་པ། གཏེར་མ་རོང་ཤང་གི་འཛུགས་སྐྲུན་བྱེད་བཞིན་པའི་ཡུན་ནན་དང་སི་ཁྲོན་བར་གྱི་གཞུང་ལམ་མིག་སྔར་ཡོངས་སུ་ལས་རྒྱུན་ཆད་དེ་ཤར་བགྲོད་ཐུབ་མེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10