ཀྲུང་གོ་བོད་ཀྱི་དྲ་བ། 2013-07-03
ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས2013ལོའི་ཞིང་སྡེ་གསར་བའི་ཁྲིད་སྟོན་པ་དང་རྒྱུན་ལས་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་རྫོང་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས་པ་དང་། རྫོང་ཡོངས་ཀྱི་ཞིང་སྡེ་གསར་བའི་ཁྲིད་སྟོན་པ་དང་རྒྱུན་ལས་ཧྲུའུ་ཅི་ཐེངས་འདིའི་གསོ་སྦྱོང་ལ་ཞུགས།
དུས་ཡུན་ཉིན་བཞི་རིང་གི་གསོ་སྦྱོང་ཁྲོད། འབའ་ལུང་རྫོང་གི་རིགས་གཞུང་ལས་རིགས་ནས་ཐོན་པའི་ཆེད་མཁས་པས་སློབ་མ་རྣམས་ལ་མང་ཚོགས་ཀྱི་བསམ་བློ་བྱ་བ་ཇི་ལྟར་སྒྲུབ་དགོས་པ་དང་། སྐྱེ་ཁམས་ཞིང་ལས་དཔལ་འབྱོར་རིག་པ་དང་གནས་སྐོར་ལྟ་སྐོར་ཞིང་ལས། ཞིང་ལས་ཐོན་ལས་ཅན་དུ་བསྒྱུར་བ་སོགས་ཆེད་དོན་བརྗོད་བྱ་ལྔ་གཙོར་བཟུང་ནས་སློབ་ཁྲིད་བྱས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10